མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱ་ལོ་བཅོ་ལྔའི་སྔོན་ཏག་ཏག་ལ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་སོགས་མགོ་ཁྲིད་པས་སྐུ་འབུམ་དགོན་པའི་གྲྭ་བཙུན་རྣམས་ལ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-14 12:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱ་ལོ་བཅོ་ལྔའི་སྔོན་དག་དག་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན། པོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། ཅི་རིན་ཧྥུན་སོགས་སྐུ་འབུམ་དགོན་པར་སོང་ནས་གྲྭ་བཙུན་རྣམས་ལ་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་རྒྱུད་ནང་བསྟན་ཆོས་ལུགས་དང་ཆོས་དད་མང་ཚོགས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

རིན་ཆེན་རྒྱལ་སོགས་ཀྱིས་སྐུ་འབུམ་དགོན་པའི་གྲྭ་བཙུན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད་འཚམས་འདྲིའི་ལེགས་སྐྱེས་དང་སྒོར་མོ་བྱིན་པ་དང་། ཨ་ལགས་ཟི་ན་དང་དེ་མིན་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བར་ཁ་བཏགས་ཕུལ།

རིན་ཆེན་རྒྱལ་གྱིས་སྐུ་འབུམ་དགོན་པས་ལོ་གསར་བའི་ནང་དུ་སྔར་བཞིན་རྒྱལ་གཅེས་དང་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་དུ་ཞུགས་ནས། ཆོས་ལུགས་ལས་རིགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་མིག་དཔེ་འདོན་པ། ཧུར་ཐག་སྒོས་སྤྱི་ཚོགས་ཞབས་ཕྱི་དང་དགེ་སྒྲུབ་སྤྱི་ཕན་ལས་དོན་སྤེལ་དགོས་པ་དང་། བོད་རྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱས་ནས། སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་དཔེ་ལེགས་བརྩོན་པར་བྱེད་དགོས་པ་དང་། དགོན་པའི་དོ་དམ་དང་བདེ་འཇགས་ཀྱི་དགོན་པ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་བྱ་འགུལ་དང་དགོན་པའི་དོ་དམ་བྱ་བར་གྲུབ་འབྲས་གསར་བ་བླངས་ནས།མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག