མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བསྟན་ཁོས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-11 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོས་ཞིང་ཆེན་ཏང་ཨུ་དང་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱི་ཚབ་བྱས་ཏེ་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། ཡུལ་དངོས་ནས་གཞུང་སྒྲུབ་བྱེད་སར་ལྟ་ཞིབ་དང་འབྲེལ་ཡོད་བྱ་བར་བཞུགས་མོལ་བྱས།

བསྟན་ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་འཕེལ་རྒྱས་ལ་དམིགས་ནས། ཤེས་ལྡན་མི་སྣའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ནན་ཏན་གྱིས་འགན་ནུས་བསྒྲུབས་པ་དང་། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་གོ་རིམ་ཁྲོད་དུ། ནུས་པ་ཆེན་པོ་འདོན་སྤེལ་བྱས་ཟེར།

བསྟན་ཁོས་ད་ལོ་ནི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་མགོ་རྩོམ་པའི་ལོ་དང་། ཁུལ་གསུམ་འཛུགས་སྐྲུན་སྤེལ་བའི་གནད་འགག་གི་ལོ་ཡིན་པས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་འཕེལ་རྒྱས་གསར་བ་དང་གྲུབ་འབྲས་གསར་བ་ལེན་དགོས་པའི་རེ་བ་བཏོན། ཁོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྦྱོང་ལག་ལེན་བྱ་འགུལ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནུས་ཤུགས་འདོན་པ་དང་བྱས་རྗེས་བསྐྲུན་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྦྱོང་ལག་ལེན་བྱ་འགུལ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། རང་སྟེང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཕུགས་འདུན་དང་ཡིད་རྟོན་གྱི་སློབ་གསོ་ལག་ལེན་བྱ་འགུལ་བཀོལ་སྤྱོད་བཟང་བོ་བྱས་ཏེ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་བསྐྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པའི་བྱ་འགུལ་ལ་བརྟེན་ནས། བཅོས་བསྒྱུར་དང་གཏན་འཇགས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་བྱས་རྗེས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་ལོ་གསར་བའི་ནང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགན་ནུས་སྒྲུབ་པའི་ནུས་བ་མཐོར་འདེགས་བྱས་ཏེ། བྱ་བ་སྣ་ཚོགས་སྔར་ལས་བཟང་བོར་བསྒྲུབ་རྒྱུའི་ཚུལ་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག