མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ཞི་ཅིན་ཕེན་གྱིས་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པར་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་འཚམས་འདྲི་བྱེད་སྐབས་གནང་བའི་གསུངས་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ལུས་རྩལ་ཅུའུ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས་ཞི་ཅིན་ཕེན་གྱིས་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པར་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་འཚམས་འདྲི་བྱེད་སྐབས་གནང་བའི་གསུངས་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་བ་ཟབ་མོ་བླངས་ཏེ། གསུངས་བཤད་ཀྱི་དགོངས་དོན་དེ་དོན་དངོས་ཀྱི་བྱ་བའི་ཁྲོད་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་ཉིད་ཀྱི་ཕུགས་འདུན་དང་མཚོ་སྔོན་གྱི་ཕུགས་འདུན། ལུས་རྩལ་གྱི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་དང་ཟུང་འབྲེལ་དམ་པོ་བྱས་ནས། མང་ཚོགས་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཕྱོགས་ཡོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་སྟེ། ལུས་རྩལ་གྱི་ཁུལ་གསུམ་འཛུགས་སྐྲུན་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་པ་ཁྱད་པར་བ་འདོན་སྤེལ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན།

སློབ་སྦྱོང་བྱེད་སྐབས་ཚང་མས་གསུངས་བཤད་ཀྱི་དགོངས་དོན་སྟོབས་ཤུགས་སུ་བསྒྱུར་ནས། སྙིང་སྟོབས་ཆེར་བསྐྱེད་དང་ཡར་རྒྱས་བརྩོན་ལེན། དཔའ་ངར་ཞུམ་མེད་བཅས་བྱས་ནས། རང་གི་བྱ་བ་བཟང་བོར་བསྒྲུབ་སྟེ། ལུས་རྩལ་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་ཧུར་ཐག་སྒོས་བྱས་རྗེས་དང་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག