མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡན་ཅིན་ཧེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་འགོག་པའི་བྱ་བར་ཞིབ་བཤེར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མེ་འགོག་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མེ་འགོག་གཞུང་སྒྲུབ་ཁང་དུ་སོང་ནས་བྱ་བར་ཞིབ་བཤེར་བྱས་པ་དང་། ལས་རེས་བྱེད་པའི་མི་སྣར་འཚམས་འདྲི་བྱས་པ་མ་ཟད། ས་ཁུལ་སོ་སོ་དང་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་ཀྱིས་དུས་རྒྱུན་དུ་བྱ་བ་དམ་འཛིན་བྱེད་པ་དང་བསམ་བློའི་སྟེང་དུ་གྲ་སྒྲིག་ཡོད་པར་བྱས་ནས་མེ་འགོག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

ཉིན་དེར་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མེ་འགོག་བཀོད་འདོམས་པུའུ་ཡིས་ཁོངས་མིའི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ་ཧྲིན་ཀྲང་ཧའོ་ཕུན་གྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་ཐད་བཏོན་པའི་མཆན་བཀོད་གལ་ཆེན་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཅིག་པའི་དགོངས་དོན་དྲིལ་བསྒྲགས་བྱས་ཏེ་མེ་འགོག་བྱ་བ་བཀོད་སྒྲིག་བྱས། གྲོས་ཚོགས་ནས་ཁོངས་གཏོགས་ལས་ཁུངས་སོ་སོས་གཞོགས་འདེགས་བྱེད་པར་ཤུགས་བསྣན་ཏེ་མེ་དགྲ་འགོག་པའི་བྱེད་ཐབས་ལ་ཞིབ་བཤེར་བྱས་ནས་ཟི་ལིང་གི་ལྷོ་རི་དང་བྱང་རི། ཙོང་ཆུའི་འབབ་རྒྱུད། རྨ་ཆུའི་འབབ་རྒྱུད། མདོ་ལ་རི་རྒྱུད། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་སོགས་གནད་སའི་ས་ཁུལ་གྱི་མེ་འགོག་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་མེ་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་གནམ་གཤིས་རྟོག་དཔྱོད་ས་ཚིགས་ཀྱིས་མེ་དགྲའི་ཉེན་ཁའི་གནས་ཚུལ་ཁྱབ་བསྒྲགས་བྱེད་པར་ཤུགས་སྣོན་བྱས་ཏེ་ཕྱི་རོལ་དུ་མེ་བཀོལ་བར་ཚན་རིག་ལྟར་དོ་དམ་བྱས་ནས་མེ་སྐྱོན་འབྱུང་བར་སྔོན་འགོག་བྱེད་དགོས། དེ་དང་མཉམ་དུ་མེ་འགོག་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ་མང་ཚོགས་ཀྱིས་མེ་སྐྱོན་འགོག་པའི་འདུ་ཤེས་ཇེ་མཐོར་དགོས་ཞེས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག