མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་ཡོང་སྒོ་བསྟུད་མར་ལོ་བཞི་ལ་མཁར་གྲོང་སྡོད་དམངས་ལས་མཐོ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-10 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ཚལ་སློའི ”ཐོན་རྫས་ཀྱི་རིན་གོང་ཇེ་མཐོར་སོང་བ་དང་གླ་ཕོགས་རིམ་བཞིན་འཕར་སྣོན་བྱུང་བ་བཅས་ཕྱོགས་གཉིས་ཀྱིས་སྐུལ་འདེད་འོག  རོང་འབྲོག་པ་མང་ཚོགས་ཀྱི་ཚོང་གཉེར་ཡོང་སྒོ་དང་ངལ་ལས་ཡོང་སྒོ་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་།  མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན།  ན་ནིང་རང་ཞིང་གི་རོང་འབྲོག་པ་མང་ཚོགས་ཀྱི་མི་རེའི་ཡོང་སྒོ་ཆ་སྙོམས་ཀྱི་སྒོར6196.39ལ་སླེབས། 

རྒྱུས་ལོན་པ་ལྟར་ན།  རང་ཞིང་གི་རོང་འབྲོག་པའི་ཡོང་སྒོ་རྐྱང་བ་ན་ནིང་ལས་སྒོར832.01འཕར་སྣོན་བྱུང་ཞིང་། བསྟུད་མར་ལོ་དགུ་རིང་ལ8%ཡར་འཕརབ་དང་ལོ་བཞི་རིང་ལ་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་ལས་ཇེ་མཐོར་སོང་།

 ཡོང་སྒོའི་ཆ་ནས་བལྟས་ན་ཁྱིམ་ཚང་གི་ཚོང་གཉེར་ཡོང་སྒོ་དང་གླ་ཕོགས་ཡོང་སྒོ་གཙོ་བོ་ཡིན་པ་དང་།  ཐོན་ལས་དང་པོ་ནི་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པའི་འབྱུང་ཁུངས་གཙོ་བོ་ཡིན།  དེའི་ནང་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་ནི་སྒོར2347.46དང་།  ཁྱིམ་ཚང་གི་ཡོང་སྒོ་སྒོར2570.33།  རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་སྒོར165.93་བཅས་ཡིན།  །    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག