མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དུ་ལོ་ན65ཡན་ལ་སོན་ཡོད་པའི་བགྲེས་པོ་ཁྲི40ལྷག་ཡོད་པ་དང་ན་ནིང་དང་བསྡུར་ན་ཁྲི1.52འཕར་སྣོན་བྱུང་།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-10 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས2013ལོའི་མི་གྲངས་འགྱུར་ལྡོག་གི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་ལྟར་ན།  2013ལོའི་ལོ་མཇུག་བར། རང་ཞིང་དུ་ལོ་ན65དང་ལོ་ན65ཡན་ལ་སོན་ཡོད་པའི་བགྲེས་པོ་ཁྲི39.81ཡོད་ལ།  ལོ་སྔོན་མ་དང་བསྡུར་ན་ཁྲི1.52འཕར་སྣོན་བྱུང་ཡོད་པས།  ཞིང་ཆེན་ཡོངས་ནས་གཏན་སྡོད་མི་གྲངས་ཀྱི6.89%ཟིན་པ་དང་དུས་མཉམ་ལས་རྒྱ་ཆའི0.21ཡར་འཕར།

ཉེ་བའི་ལོ་འགའི་རིང་།  རང་ཞིང་དུ་ལོ་ན65ནས་ལོ་ན65ཡན་ལ་སོན་ཡོད་པའི་བགྲེས་པོའི་མི་གྲངས་ལོ་རེར་ཇེ་མང་དུ་སོང་བ་དང་བསྟུན།  མི་གྲངས་བགྲོས་སོང་ཅན་གྱི་འཕར་རིམ་མི་མཐུད་ནས་ཇེ་མགྱོགས་སུ་སོང་བ་དང་།  ཁྱིམ་ནས་རྒན་གསོ་བྱེད་པར་གཙོ་བྱས་པའི་རྒན་གསོ་རྣམ་པར་གནད་དོན་གསར་བ་འབྱུང་།  དེང་སྐབས་རང་ཞིང་གིས་མི་གྲངས་ཀྱི་སྒྲིག་གཞི་འཕོ་འགྱུར་བྱུང་བར་བསྟུན་ཅི་ཐད་བྱས་ནས།  སྔར་ལས་ལྷག་པར་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་བཏང་བ་བརྒྱུད།  རིམ་བཞིན་རྒན་གསོ་རྣམ་པའི་མ་ལག་འཐུས་ཚང་དུ་བཏང་ཞིང་།  རྒན་གསོ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་འབད་པ་བྱེད་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག