མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྨན་སྣ་རྩ་ཆེན་སྡེབ་སྦྱོར་དང་བརྒྱུད་སྤྲོད་ཀྱི་ཟབ་སྦྱོང་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-09 10:40

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉམས་རྒུད་དུ་འགྲོ་ལ་ཉེ་བའི་སྲོལ་རྒྱུན་བོད་སྨན་སྡེབ་སྟངས་ཀྱི་ལག་རྩལ་འདི་ཉིད་ཉམས་པ་སོར་ཆུད་དང་སྲོལ་རྒྱུན་སྨན་སྣ་སྡེབ་སྦྱོར་བྱེད་སྟངས་ཀྱི་ཐོན་ཁུངས་འཛོམས་པོ་སྔོག་འདོན་གང་ལེགས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་མཚོ་སྔོན་སློབ་ཆེན་གྱི་གསོ་རིག་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཞིང་འཇུག་ལྟེ་གནས། ཅིན་ཧི་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི། སྐུ་འབུམ་དགོན་པའི་བོད་སྨན་ཁང་སོགས་ཞིང་ཆེན་ནང་ཁུལ་ན་སྙན་གྲགས་ཡོད་པའི་བོད་སྨན་ཞིབ་འཇུག་དང་སྨན་བཅོས། བོད་སྨན་སློབ་ཁྲིད་བྱེད་ཡུལ་སོགས་དང་མཉམ་འབྲེལ་བྱས་ནས། བོད་ཀྱི་སྨན་སྣ་རྩ་ཆེན་རིན་ཆེན་མང་སྦྱོར་འདི་ཉིད་སྡེབ་སྦྱོར་དང་བརྒྱུད་སྤྲོད་ཀྱི་ཟབ་སྦྱོང་འཛིན་གྲྭ་བསྡུས།

རིན་ཆེན་གྲང་སྦྱོར་ཞེས་པའི་སྨན་སྣ་རྩ་ཆེན་འདི་ནི«ཀྲུང་གོའི་སྨན་བཏུས»ཀྱི་ཁྲོད་འཁོད་ཡོད་ཅིང་། དེ་ནི་བོད་སྨན་ཁྲོད་ཀྱི་རྩ་ཆེན་དང་རིན་ཆེན་ཁྲོད་ཀྱི་ཉིང་བཅུད་ཡིན། སྨན་འདིའི་གྲུབ་ཆ་ཚང་མ་མདོ་དབུས་མཐོ་སྒང་གི་ཐུན་མིན་སྐྱེ་ཁམས་ཁོར་ཡུག་འོག་འཚར་སྐྱེད་བྱུང་བའི་སྨན་རྩ་དཀོན་པོ་རིགས་བརྒྱ་དང་དྲུག་ཅུ་ཡིས་གྲུབ་ཡོད་ཅིང་། དེ་ནི་བོད་སྨན་ནང་གི་སྨན་སྣ་འདུས་ཚད་ཀྱི་རིགས་ཆེས་མང་ལ་སྡེབ་སྦྱོར་བྱེད་སྟངས་དཀའ་ཉོག་ཆེ་བ། གསང་རྒྱ་བྱེད་ཚད་ཆེས་མཐོ་བའི་སྨན་རིགས་ཤིག་ཡིན་ལ། དེའི་སྡེབ་སྦྱོར་བྱེད་སྟངས་རྒྱལ་ཁབ་དངོས་པོ་མ་ཡིན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་དུ་ཚུད་ཡོད་པས། དེས་བོད་སྨན་སྡེབ་སྦྱོར་བྱེད་པའི་ལག་རྩལ་གྱི་ཚད་མཐོ་ས་དེ་མངོན་པར་མཚོན་ཡོད།

ཐེངས་འདིའི་ཟབ་སྦྱོང་ལ་མིང་དུ་གྲགས་པའི་བོད་སྨན་ཆེད་མཁས་པ་དང་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་སྐྱོང་བ་སྨན་པ་ཉི་མ་ལགས་ཀྱིས་སྐུ་དངོས་ཀྱིས་སློབ་ཁྲིད་བྱས་ཏེ། རིན་ཆེན་གྲང་སྦྱོར་གྱི་སྨན་སྣ་སྡེབ་སྟངས་ལ་མ་ལག་རང་བཞིན་གྱི་སྒོ་ནས་སྤྱི་སྡོམ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག