མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྙན་ཞུ་ཕུལ་བའི་རྗེས་མཐུད་གསོ་རིག་སློབ་གསོའི་ལས་གཞི63ལ་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-08 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གསོ་རིག་མཐུན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་སྙན་ཞུ་ཕུལ་བའི་རྒྱལ་ཁབ་རིམ་པའི་རྗེས་མཐུད་གསོ་རིག་སློབ་གསོའི་ལས་གཞི62ལ་རྒྱལ་ཡོངས་ཀྱི་རྗེས་མཐུད་གསོ་རིག་སློབ་གསོ་ཨུ་ཡོན་ལྷན་ཚོགས་ཀྱིས་ཆོག་མཆན་ཐོབ་པ་དང་། འདི་ནི་ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱིས་སྙན་ཞུ་ཕུལ་བའི་རྒྱལ་ཁབ་རིམ་པའི་རྗེས་མཐུད་གསོ་རིག་སློབ་གསོའི་ལས་གཞི་ལ་ཆོག་མཆན་ཐོབ་པ་ཆེས་མང་བའི་ལོ་ཞིག་ཡིན།

ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གཙོ་བོ་དག་ནི། “མཐོ་སྒང་གི་ཁྲག་རྒྱུན་ནད་བརྟག་དང་སྨན་བཅོས་ཀྱི་འཕེལ་རྒྱས་གསར་བ”དང་། “གློ་བའི་ནད་ཐོག་སྨན་བཅོས་ཀྱི་འཕེལ་རྒྱས་གསར་བའི་ཞིབ་འཇུག་འཛིན་གྲྭ”དང་། “མཐོ་སྒང་གི་ཕོ་བའི་ཟས་ཞུ་མ་ལག་ནད་རིགས་ཀྱི་བརྟག་བཅོས་བྱེད་ཐབས”། “མཐོ་གྲང་ས་ཁུལ་ཀྱི་གཉིད་ཉལ་གསོ་རིག་གནས་བབ་དང་ཞིབ་འཇུག་གི་འཕེལ་རྒྱས་གསར་བ”། “ཀྲུང་ནུབ་གསོག་རིག་ཟུང་སྦྲེལ་བྱས་ཏེ་མཐོ་གྲང་ས་ཁུལ་གྱི་ནད་རིགས་ལྕི་མོ་མྱུར་སྐྱོབ་བྱེད་པའི་ནད་ཐོག་ཉམས་མྱོང་ཀྱི་འཕེལ་རྒྱས་གསར་བ”། “བོད་ཀྱི་གསོ་རིག་རྨང་གཞིའི་གཞུང་ལུགས་དང་བོད་སྨན་རྒྱུ་ཆ་དག་སྒྲིག” “གཞི་རིམ་སྨན་བཅོས་ལས་ཁུངས་ཀྱིས་འོས་འཚམ་གྱིས་གཞི་རྩའི་སྨན་རྫས་བེད་སྤྱོད་བྱེད་པའི་སློབ་སྦྱོང་འཛིན་གྲྭ”སོགས་ཡོད་ལ། ལས་གཞི་དེ་དག་སོ་སོར་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་། ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་། ཞིང་ཆེན་མི་དམངས་སྨན་ཁང་བཞི་བ། ཞིང་ཆེན་ཁྲག་རིགས་ཉར་ཚགས་ལྟེ་གནས། ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་སའོ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག