མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་བ་ཞོར་ལས་བའི་གླ་ཕོགས་སྟེར་བའི་གནས་ཚུལ་ལ་ཆེད་དོན་བརྟག་བཤེར་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཟླ11པའི་ཚེས5ཉིན་ནས་མགོ་བརྩམས་པའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་བ་ཞོར་ལས་བར་གླ་ཕོགས་སྟེར་བའི་གནས་ཚུལ་གྱི་ཆེད་དོན་བརྟག་བཤེར་གྱིས། ཞིང་བ་ཞོར་ལས་བར་གླ་ཕོགས་སྟེར་བའི་བྱ་བ་ཤུགས་ཡོད་པའི་སྒོ་ནས་སྤེལ་ཏེ། བསམ་བཞིན་དུ་གླ་ཕོགས་དུས་ལྟར་མི་སྟེར་བའི་བྱ་སྤྱོད་ལ་ཕན་པ་ཡོད་པའི་སྒོ་ནས་བཀག་སྡོམ་བྱས་པར་མ་ཟད། རྒྱ་ཆེའི་ཞིང་བ་ཞོར་ལས་བའི་ཁྲིམས་མཐུན་ཁེ་དབང་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས། 2014ལོའི་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་བར་དུ་བསྡོམས་པས་ཞིང་བ་ཞོར་ལས་བ་ཁྲི་གཉིས་ཀྱི་གླ་ཕོགས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་སྟེར་ཐུབ་པ་བྱུང་།

བརྟག་བཤེར་བྱ་བ་སྤེལ་བའི་ཚུན་ནས། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གོང་འོག་མཉམ་འགུལ་དང་ཕན་ཚུན་རམ་འདེགས་བྱས་པ་དང་། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་དང་སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། ཆུ་བེད། སྤྱི་བདེ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། བཟོ་ཚོགས་དང་རིམ་པ་སོ་སོའི་འཕྲིན་བཅར་སྡེ་ཁག་བཅས་དང་མཐུན་སྦྱོར་བྱས་ཏེ་ཧུར་ཐག་གིས་ཆེད་དོན་བརྟག་བཤེར་བྱ་བ་སྤེལ་ནས། གཙོ་བོར་བཟོ་སྐྲུན་ལས་གཞི་དང་ལས་སྤྱོད་མི་སྣ་ཅུང་མང་བའི་ས་ཁུལ་དང་བཟོ་སྐྲུན། འགྲིམ་འགྲུལ། ཉི་འོད་ནུས་པའི་ཐོན་ལས། ཁང་སའི་ཐོན་ལས་གསར་སྤེལ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཀྱི་ཞིང་བ་ཞོར་ལས་བར་གླ་ཕོགས་དུས་ལྟར་མི་སྟེར་བའི་བྱ་བར་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། མི་སྤྱོད་ལས་ཁུངས་སྟོང་བཞི་དང་སུམ་བརྒྱ་དགུ་ལ་བརྟག་བཤེར་བྱས་པ་དང་། སྤྱི་བདེ་ལས་ཁུངས་ལ་བསམ་བཞིན་དུ་གླ་ཕོགས་དུས་ལྟར་མི་སྟེར་བའི་སྐོར་གྱི་གྱོད་གཞི་དགུ་ཡར་སྤྲོད་བྱས་ནས། ཤུགས་ཡོད་པའི་སྒོ་ནས་བསམ་བཞིན་དུ་ཞིང་བ་ཞོར་ལས་བར་གླ་ཕོགས་དུས་ལྟར་མི་སྟེར་བའི་བྱ་སྤྱོད་ལ་རྡུང་རྡེག་ཆེན་པོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག