མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར3བཏང་ནས་རོང་འབྲོག་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་སྤྱི་བའི་ཞབས་ཞུ་མ་ལག་འཛུགས་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-08 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ1པོའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2014ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར3བཏང་ནས་གཙོ་བོ་རོང་འབྲོག་ཁུལ་གཙོ་བྱས་པའི་རྒྱང་སྒྲོག་བརྙན་འཕྲིན་གྱི་དེང་རབས་སྤྱི་བའི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ལོ་མཇུག་བར་དུ་ཞིང་ཆེན་ཡོངས་སུ་རྒྱང་སྒྲོག་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་སོ་སོར97%དང97.5%ལ་སླེབས་པ་དང་། ཁུལ་དང་རྫོང་སོ་སོའི་གཙོ་སྒྲུབ་བྱས་པའི་ལེ་ཚན་དག་མི་གྲངས་ལ་ཁྱབ་ཚད65%ལ་སླེབས་པར་བརྩོན་ལེན་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ལས་གཞིའི་མ་དངུལ་རོགས་སྐྱོར་ལ་བརྟེན་ནས་བསྒྱུར་སྐྲུན་ལས་གཞི་ལག་བསྟར་གང་ལེགས་བྱས་ཏེ། བོད་སྐད་ལེ་ཚན་བསྒྱུར་སྐྲུན་དང་བརྒྱུད་སྒྲོག་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། རོང་འབྲོག་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་སྤྱི་བའི་ཞབས་ཞུ་ལེགས་བཅོས་སུ་གཏོང་བ་ཇེ་མགྱོགས་སུ་བཏང་སྟེ། རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་རེར་འཐེན་པ་དང་ཁྱིམ་ཚང་རེར་འཐེན་པའི་གྲུབ་འབྲས་གསར་བ་ཇེ་བརྟན་དུ་བཏང་ནས། འཁོར་སྐར་བརྙན་འཕྲིན་དུས་ཡུན་རིང་བོ་དང་སྤུས་ཚད་ལེགས་པོའི་སྒོ་ནས་འཐེན་པའི་ལམ་ལུགས་འཛུགས་རྒྱུ་ཡིན་པ་དང་། ཤུགས་ཆེན་པོས་བོད་ཁུལ་གྱི་གཞི་གྲངས་གློག་བརྙན་ཁང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། མཚོ་སྔོན་ཤར་རྒྱུད་ས་ཁུལ་གྱི་རྫོང་མཁར་དུ་གློག་བརྙན་ཁང་འཛུགས་པར་རོགས་སྐྱོར་བྱེད་རྒྱུ་རེད། བོད་ཁུལ་གྱི་ཁུལ་དང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ལེ་ཚན་སྒྲུབ་པའི་འབྲེལ་ཡོད་ལས་གཞི་ལེགས་པོར་སྒྲུབ་ནས་ཧུར་བརྩོན་གྱིས་ཁུལ་དང་རྫོང་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་སྐད་ལེ་ཚན་སྒྲུབ་པ་དང་སྒྱུར་སྒྲུན་ནུས་པ་ཇེ་ཆེར་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག