མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་སར་རྫོགས་ལྡན་གཟའ་འཁོར་སྐབས་སུ་མཚོ་སྔོན་གྱིས་གནས་སྐོར་པ་མི་ཐེངས་ཁྲི41.22སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར3.92བསྐྲུན།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-08 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས7ཉིན་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2014ལོའི་ལོ་སར་རྫོགས་ལྡན་གཟའ་འཁོར་དུས་སྐབས་སུ་མཚོ་སྔོན་གྱིས་བསྡོམས་པས་གནས་སྐོར་པ་མི་ཐེངས་ཁྲི41.22སྣེ་ལེན་བྱས་པ་དང་། དུས་མཉམ་ལས15%འཕར་ཡོད། ཞིང་ཆེན་ཡོངས་ཀྱིས་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར3.92མངོན་འགྱུར་བྱས་པ་དང་དུས་མཉམ་ལས29.8%འཕར་ཡོད།

ལོ་སར་རྫོགས་ལྡན་གཟའ་འཁོར་དུས་སྐབས་སུ། ཟི་ལིང་མི་དམངས་སྤྱི་གླིང་གིས་གནས་སྐོར་པ་མི་ཐེངས་ཁྲི8.2སྣེ་ལེན་བྱས་ཏེ་གནས་སྐོར་ཡོང་སྒོ་སྒོར་ཁྲི130བསྐྲུན་ཞིང་། སྐུ་འབུམ་དགོན་པ་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་པ་མི་ཐེངས་ཁྲི2.11སྣེ་ལེན་བྱས་ལ། སྒོ་བྱང་གི་ཡོང་སྒོ་སྒོར་ཁྲི23.33བསྐྲུན། ཟི་ལིང་རི་སྐྱེས་སྲོག་ཆགས་ཁང་གིས་གནས་སྐོར་པ་མི་ཐེངས་ཁྲི1.38སྣེ་ལེན་བྱས་ཤིང་སྒོ་བྱང་གི་ཡོང་སྒོ་སྒོར་ཁྲི31.97བསྐྲུན། ཟི་ལིང་བྱང་རི་ལྷ་ཁང་གིས་གནས་སྐོར་པ་མི་ཐེངས5827སྣེ་ལེན་བྱས་པ་དང་ཡོང་སྒོ་སྒོར་ཁྲི8.32བསྐྲུན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་གནས་སྐོར་པ་མི་ཐེངས241སྣེ་ལེན་བྱས་ལ་སྒོ་བྱང་གི་ཡོང་སྒོ་སྒོར་ཁྲི1.04ལ་སླེབས། ཁྲི་ཀས་གནས་སྐོར་པ་མི་ཐེངས2768སྣེ་ལེན་བྱས་ལ་གནས་སྐོར་ཡོང་སྒོ་སྒོར་ཁྲི79.17བསྐྲུན། ཧུའུ་ཀྲུའུ་ཧོར་རིགས་དམངས་སྲོལ་ཁང་གིས་གནས་སྐོར་པ་མི་ཐེངས8518སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་སྒོ་སྒོར་ཁྲི259.3ལ་སླེབས་ཡོད། ཞོན་ཧྭ་ལྗང་མདོག་ཁྱིམ་གཞིས་ཀྱིས་གནས་སྐོར་པ་མི་ཐེངས་ཁྲི1.2སྣེ་ལེན་བྱས་ལ་གནས་སྐོར་ཡོང་སྒོ་སྒོར་ཁྲི589.16བསྐྲུན་ཞིང་། ན་གོར་མོས་གནས་སྐོར་པ་མི་ཐེངས1084སྣེ་ལེན་བྱས་ལ་ཡོང་སྒོ་སྒོར་ཁྲི37.31བསྐྲུན་ཡོད།

ལོ་སྔོན་མ་དག་གི་ལོ་སར་གུང་གསེང་སྐབས་སུ་གནས་སྐོར་པ་མང་པོ་ཡོང་དུས་ནི་རྒྱ་ལོའི་ཚེས་གསུམ་དང་ཚེས་བཞི་བར་ཡིན་ལ། དེའི་རྗེས་སུ་ཇེ་ཉུང་དུ་སོང་ཡོད། ད་ལོའི་ལོ་སར་གུང་གསེང་སྐབས་སུ་མཚོ་སྔོན་གྱིས་གནས་སྐོར་པ་སྣེ་ལེན་དང་གནས་སྐོར་ཡོང་སྒོ་བཅས་མུ་མཐུད་དུ་ཇེ་མང་ལ་འགྲོ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག