མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན་ནི་ལོ་སར་རོལ་རྗེས་ཀྱི་བྱ་བ་ལས་པའི་ཉིན་དང་པོ་ཡིན་ལ། ཉིན་དེར་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས་ནས། ཞིང་བའི་ཁ་གསབ་རོགས་དངུལ་དང་མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་ཉེན་སེལ་འགན་ལེན་གྲོན་དངུལ། ལོ་ལོན་རྒན་པའི་རོགས་དངུལ། ལོ་ན་རེ་ལྔར་བུད་པའི་མིའི་ཁ་གསབ་རོགས་དངུལ། རོང་འབྲོག་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་ན་གནས་པའི་བཅའ་སྡོད་སློབ་གྲྭའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་བཅས་ཚད་ལྡན་ཅན་དུ་གཏོང་བར་ཞིབ་འཇུག་ནན་མོ་བྱས་པ་དང་། «2014ལོའི་ཞིང་ཆེན་སྲིད་གཞུང་གི་ཁྲིམས་འཛུགས་བྱ་བའི་འཆར་འགོད»དང་འབྲེལ་ཡོད་ཁྲིམས་སྲོལ་སྒྲིག་ཡིག་ལ་གྲོས་ཞིབ་བྱས།

ཚོགས་འདུ་སྟེང་ནན་གྱིས་བསྟན་དོན། དམངས་འཚོ་ལེགས་བཅོས་དང་དམངས་འཚོའི་བྱ་བར་འགན་ལེན་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་འབེན་ཡིན་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ང་ཚོས་དམངས་འཚོ་ལེགས་བཅོས་བྱེད་པའི་གོ་རིམ་ཁྲོད་ངེས་པར་དུ་ཧུར་ཐག་འབད་འབུངས་ཀྱི་སྤྱོད་པ་ལྷུར་བླངས་ནས། རྩ་བའི་དམངས་འཚོར་འགན་ལེན་ཡོད་པར་བྱས་ཏེ། གནད་ཆེ་སའི་དམངས་འཚོའི་ལས་དོན་ཁྲོད་རིམ་གྱིས་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་པར་འབད་བརྩོན་བྱེད་དགོས།

ཚོགས་འདུའི་སྟེང2014ལོ་ནས་བཟུང་རྨོ་འདེབས་ཞིང་བའི་ཁ་གསབ་རོགས་དངུལ་དེ་ཞིང་ས་མུའུ་གཅིག་ལ་དམངས་སྒོར་དོན་ལྔ་ནས་སྒོར་བརྒྱ་ལ་འཕར་སྣོན་ཡོང་བར་བྱ་རྒྱུ་དང་། ཞིང་སྡེ་གསར་བའི་ཞིང་བ་དང་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་དམངས་སྒོར་གྱ་ལྔ་ནས་དམངས་སྒོར་བརྒྱ་དང་བཅུ་ལ་འཕར་སྣོན་ཡོང་བར་བྱ་རྒྱུ། ལོ་བདུན་ཅུའི་ཡན་གྱི་ལོ་ལོན་རྒན་པར་ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་ཉི་ཤུས་ཇེ་མཐོར་གཏོང་བ། ལོ་རེ་ལྔའི་ཡན་གྱི་ལོ་ལོན་རྒན་པར་ལུས་ཕུང་སྦྱོང་བརྡར་དང་བརྟག་དཔྱད་བྱེད་པའི་ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར་བརྒྱད་ཅུའི་རྨང་གཞིའི་སྟེང་སྒོར་ལྔ་བཅུ་སྣོན་པ། རོང་འབྲོག་ས་ཁུལ་གྱི་བཅའ་སྡོད་སློབ་གྲྭའི་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་མི་རེར་ལོ་རེར་སྒོར་བརྒྱ་རེ་སྟེར་རྒྱུ་བཅས་ཐག་བཅད།

ཚོགས་འདུའི་སྟེང་དཔྱད་གླེང་གྲོས་མོལ་བྱས་པ་བརྒྱུད། «2014ལོའི་ཞིང་ཆེན་སྲིད་གཞུང་གི་ཁྲིམས་འཛུགས་བྱ་བའི་འཆར་འགོད»དང«མཚོ་སྔོན་ཞིང་ཆེན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་བྱེད་སྟངས»། «མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག»སོགས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག