མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁུག་གིས་ལུགས་རྙིང་ལོ་སར་གྱི་སྐབས་སུ་ཞབས་ཞུའི་རུ་ཁག་རྩ་འཛུགས་བྱས་ནས་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་གྱི་སྐབས་སུ། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུང་ཁག་གི་དམག་དཔུང་སོ་སོས་རིག་རྩལ་དང་སྲིད་ཇུས། སྨན་བཅོས། རོགས་རམ་བཅས་གཞི་རིམ་ལ་སྐྱེལ་བའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་ཏེ། རིགས་སོ་སོའི་མང་ཚོགས་རྣམས་ལ་ཞབས་ཕྱི་བསྒྲུབས།

རྒྱ་ལོའི་ཚེས་གཅིག་ཉིན་ནས་བཟུང་དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་དཔུང་སོ་སོས་བཙུགས་པའི་རིག་རྩལ་དང་སྲིད་ཇུས། སྨན་བཅོས། རོགས་རམ་བཅས་ཀྱི་ཞབས་ཞུའི་ཡན་ལག་རུ་ཁག་སོ་སོ་རྩྭ་ཐང་དང་ཞིང་སྡེར་སོང་སྟེ། མང་ཚོགས་རྣམས་ལ་དྲོད་སྐྱིད་བསྐྱལ།

འཁྲབ་སྟོན་ཡུལ་དངོས་སུ་སྲིད་ཇུས་དྲིལ་སྒྲོག་ཡན་ལག་རུ་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པ་དང་། དཔོན་དམག་རྣམས་ཀྱིས་འབྲོག་ཁུལ་གྱི་འགྱུར་ལྡོག་ཆེན་པོ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་རྣམས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཟབ་མོ་བྱེད་པ་དང་། འབྲོག་པ་མང་ཚོགས་དང་མཉམ་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་འཚོ་བ་བཟང་བོ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་བདེ་སྐྱིད་ཀྱི་མ་འོང་བར་བསམ།

སྨན་བཅོས་ཡན་ལག་རུ་ཁག་གི་བློ་མཐུན་རྣམས་རྩྭ་ཐང་དང་འབྲོག་ཁྱིམ། སྡེ་བ་དང་ཞིང་བའི་ཁྱིམ་ཚང་དུ་སོང་སྟེ། རིན་མི་ལེན་པར་མང་ཚོགས་ལ་སྐོར་སྐྱོད་སྨན་བཅོས་བྱས་པར་མ་ཟད། དཀའ་ཁག་མང་ཚོགས་ལ་ཕྱེ་དང་འབྲས། བཟའ་སྣུམ་སོགས་བྱིན། ཤེས་པ་ལྟར་ན། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གིས་སྔ་གཞུག་ཏུ་རིག་རྩལ་དང་སྲིད་ཇུས། སྨན་བཅོས། རོགས་རམ་བཅས་ཀྱི་ཞབས་ཞུའི་ཡན་ལག་རུ་ཁག་ཉེར་དྲུག་རྩ་འཛུགས་བྱས་ནས། རྒྱ་ལོའི་ཚེས་གཅིག་ཉིན་ནས་བཟུང་སྔ་གཞུག་ཏུ་མང་ཚོགས་ལ་རིག་རྩལ་ཐེངས་ང་བརྒྱད་འཁྲབ་སྟོན་བྱས་པ་དང་། སྲིད་ཇུས་ཐེངས་དྲུག་ཅུ་ལྷག་དྲིལ་བསྒྲགས་བྱས་པ། མང་ཚོགས་སྟོང་གསུམ་ལྷག་ལ་སྐོར་སྐྱོད་སྨན་བཅོས་བྱས་པར་མ་ཟད། དཀའ་ཁག་མང་ཚོགས་བརྒྱ་ལྷག་ལ་རོགས་རམ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག