མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧོ་རྫོང་གིས་ཟས་རིགས་བདེ་འཇགས་ཐད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བཟོ་ཚོང་དང་ཞིང་ཕྱུགས། འཕྲོད་བསྟེན། དཔལ་འབྱོར་ཚོང་དོན། འཕེལ་རྒྱས་བཅོས་བསྒྱུར་བཅས་སྡེ་ཁག་ལྔའི་ཁྲིམས་འཛིན་མི་སྣ་རྩ་འཛུགས་བྱས་ཏེ། ཟས་རིགས་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སེམས་བདེའི་ཟས་རིགས་ཟ་ཐུབ་པར་འགན་སྲུང་བྱས།

ཐེངས་འདིའི་ཆེད་དོན་བྱ་འགུལ་གྱིས་གཙོ་བོར་ཚོང་ཁང་ཆེ་བ་དང་། བཟའ་བཏུང་ལས་རིགས། སྨན་འཚོང་ས་སོགས་ལ་ཁ་གཏད་ནས་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་བ་དང་། ཁྲིམས་འཛིན་མི་སྣས་གཙོ་བོར་ཚོང་གཉེར་བྱེད་ས་རུ་ཟས་རིགས་སྨན་རྫས་བདེ་འཇགས་འགན་འཁྲི་ལམ་ལུགས་བཙུགས་ཡོད་མེད་དང་དེ་འཐུས་ཚང་ཡིན་མིན། དེ་ལག་བསྟར་བྱས་པའི་གནས་ཚུལ། ཚོང་གཉེར་བྱས་ཆོག་པའི་འཛིན་ཡིག་བླངས་ཡོད་མེད། ཁོར་ཡུག་གཙང་སྦྲའི་ཆ་རྐྱེན། ཟ་ཁང་གི་ཟ་མ་ལས་སའི་མ་མཐའི་ཆ་རྐྱེན་དང་། བདེ་འཇགས་དོགས་ཟོ་བྱེད་ཐབས། ལས་སྒྲུབ་མི་སྣའི་ལུས་ཕུངས་བདེ་ཐང་ཡིན་མིན་གྱི་དཔང་ཡིག གསོ་སྦྱོང་འཛིན་ཡིག་ཡོད་མེད། བཙོངས་འཛིན་ལེན་པའི་ལམ་ལུགས་དང་འོས་མཐུན་མིན་པའི་ཟས་རིགས་ཕྱིར་ཟློག་པའི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ། བཟའ་བཏུང་ལས་རིགས་ཀྱི་གཙང་སྦྲའི་གནས་ཚུལ། ཟས་རིགས་ལས་སྣོན་བྱེད་ས་རུ་ཁྲིམས་འགལ་གྱི་ཟས་རིགས་སྦྱོར་རྟ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ཡོད་མེད་སོགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་ཚོང་གཉེར་གནད་དོན་ལ་བརྟག་བཤེར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག