མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་ཆེས་ཐོག་མའི་བུད་མེད་མདའ་རྩེད་རི་ཁག་བཙུགས་པ།

རྩོམ་པ་པོ། དབྱངས་ཅན་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་གྱི་སྔོན་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་མདའ་རྩེད་རུ་ཁག་ཆུང་བ་བཅུ་གཉིས་ཡོད་པ་དང་བསྡོམས་པས་མི་དོན་གཉིས་ཀྱིས་གྲུབ་པའི་གུང་ཧོ་རྫོང་བུད་མེད་མདའ་རྩེད་རུ་ཁག་བཙུགས་ལ། དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་ཐོག་མའི་བུད་མེད་མདའ་རྩེད་རུ་ཁག་རེད།

མདའ་རྩེད་ནི་སྣ་འཛོམས་རང་བཞིན་ལྡན་པའི་དམངས་ཁྲོད་ཀྱི་འགྲན་བསྡུར་རང་བཞིན་གྱི་བྱ་འགུལ་ཞིག་ཡིན་པའི་ཆ་ནས། གུང་ཧོ་རྫོང་གི་མཐའ་འཁོར་གྱི་བོད་རིགས་འདུས་སྡོད་ཁུལ་དུ་མང་ཚོགས་ལ་ཤུགས་རྐྱེན་ཟབ་མོ་དང་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ཆགས་ཡོད། དུས་རྒྱུན་སྡེ་བ་རེ་རེ་གཞི་བྱས་ཏེ་འགྲན་བསྡུར་བྱེད་ཀྱིན་ཡོད་ལ། འོན་ཀྱང་བུད་མེད་རྣམས་དམངས་ཁྲོད་ཀྱི་སྲོལ་རྒྱུན་མདའ་རྩེད་ལ་ཞུགས་པའི་གོ་སྐབས་མེད། ད་རབས་ཀྱི་བུད་མེད་མདའ་རྩེད་རུ་ཁག་བཙུགས་པ་དེས་སྔོན་གྱི་སྟོང་ཆ་བསྐངས་བར་མ་ཟད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བུད་མེད་རྣམས་ལ་དམངས་ཁྲོད་སྲོལ་རྒྱུན་མདའ་རྩེད་ཁྲོད་ཞུགས་པའི་སྟེགས་བུ་ཞིག་ཀྱང་བསྐྲུན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག