མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱིས་སྤྱི་ཚོགས་ཡོངས་ཀྱི་ཆུ་བེད་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར60ཡི་འགག་སྒོ་ལས་བརྒལ་བར་བརྩོན་ལེན་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-07 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2014ལོར་མཚོ་སྔོན་གྱིས་སྤྱི་ཚོགས་ཡོངས་ཀྱི་ཆུ་བེད་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར60ལས་བརྒལ་བར་བརྩོན་ལེན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པ་དང་། མི་ཁྲི25ཡི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་རྒྱུ་རེད། ལོ་ཧྲིལ་བོར་གསར་བསྣན་ཞིང་ས་མུའུ་ཁྲི20ལ་ཆུ་འདྲེན་པ་དང་། ཞིང་ས་མུའུ་ཁྲི30ཡན་གྱི་ཆུ་འདྲེན་ལེགས་བཅོས་བྱས་ནས་སྤྱི་ལེ་གྲུ་བཞི་མ150ཡན་གྱི་ས་ཆུ་ནུས་པ་ཤོར་བར་བཅོས་སྐྱོང་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། 2013ལོར་ཞིང་ཆེན་ཆུ་བེད་ཐིན་གྱིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་ལ་མ་དངུལ་སྒོར་དུང་ཕྱུར53.3དངོས་འབེབས་བྱས་པ་དང་། དེ་ལོ་སྔོན་མ་ལས14.8%འཕར་ཡོད། དེའི་ནང་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར25.3དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར18.7ཡོད་ལ། མ་དངུལ་བཏང་བའི་སྤྱི་འབོར་གྱིས་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཡོད།

ད་ལོར་ཞིང་ཆེན་ཆུ་བེད་ཐིན་གྱིས་དངུལ་གཏོང་གི་གཞི་ཁྱོན་ཇེ་ཆེར་བཏང་ནས་ལས་གཞིའི་དུས་སྐབས་སྔོན་མའི་གྲ་སྒྲིག་གང་ལེགས་བྱས་ཏེ། འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ། ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ་ལས་རིགས་འཛུགས་སྐྲུན་གྱི་སྣང་བརྙན་གསར་བ་བསྐྲུན་པའི་བླང་བྱ་ལྟར། ཤུགས་ཆེན་པོས་གཙོ་གནད་ཆུ་བེད་ལས་གཞི་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཆུ་བེད་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་ཆུ་བེད་ཞན་སའི་གནད་དོན་ཐག་གཅོད་པ་སོགས་བྱ་བའི་ནང་དོན10གཞིགས་ཏེ་བཅོས་བསྒྱུར་གསར་སྐྲུན་གཙིགས་འཛིན་བྱས་ནས། ཆུ་བེད་ཚན་རིག་འཕེལ་རྒྱས་ཀྱི་ལམ་ལུགས་འཛུགས་པ་དང་། སྐྱེ་ཁམས་ཆུ་བེད་འབུར་ཏུ་བཏོད་ནས་མཐོ་སྒང་གི་ཆུ་བེད་འཕེལ་རྒྱས་ཀྱི་ལྷང་ངེ་ས་གསར་བ་བསྐྲུན་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག