མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་ནིང་མཚོ་ཤར་གྲོང་ཁྱེར་གྱི་ས་གནས་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར26.37ལ་སླེབས་པ་དང34.9%འཕར་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-07 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ནོར་སྲིད་ཡོང་སྒོ་མགྱོགས་མྱུར་ངང་གོང་དུ་འཕར་བ་དང་། ས་གནས་སྤྱིའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར26.37ལ་སླེབས་ཤིང34.9%འཕར་ཡོད། ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར13.67ལ་སླེབས་པ་དང46.1%འཕར་ཡོད།

ན་ནིང་། མཚོ་ཤར་གྲོང་ཁྱེར་གྱི་ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་དེ2011ལོར54འཕར་རྗེས་སུ་འཕར་ཚད་ཆེས་མཐོ་བའི་ལོ་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཁྲལ་བསྡུའི་གྲུབ་ཚུལ་ལ་གཞིགས་ན། སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར13.7གྱི་ཁྲོད། འཕར་རིན་ཁྲལ་བསྡུ་དང་ལས་གཉེར་ཁྲལ་བསྡུ་སོགས་གཙོ་གནད་ཁྲལ་བསྡུ་སྣ་ཚོགས་དང་གཞན་པའི་ཁྲལ་བསྡུ་ཆུང་བ་རིགས་ཀྱི་ཁྲལ་བསྡུའི་ཡོང་སྒོ48.9%འཕར་ཡོད། ཁྲལ་བསྡུ་མ་ཡིན་པའི་ཡོང་སྒོ་སྒོར་དུང་ཕྱུར2.4དང་དུས་མཉམ་ལས69.3%འཕར་ཡོད་པས་ཡོང་སྒོའི་གྲུབ་ཚུལ་སྔར་ལས་འོས་མཐུན་དུ་གྱུར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག