མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་མཁོ་འཚོང་མཉམ་འབྲེལ་ཁང་གིས་ན་ནིང་ཞིང་ཕྱུགས་ལས་ཐོན་རྫས་མ་དངུལ་སྒོར་དུང་ཕྱུར70.12ཕྱིར་འཚོང་བྱས།

རྩོམ་པ་པོ། བསམ་འཕེལ་ནོར་བུས་བསྒྱུར།  ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  2014-02-06 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱི་མཁོ་འཚོང་མཉམ་འབྲེལ་ཁང་གིས“མཚོ་སྔོན་ཚོང་རྫས་ཉོ་འཚོང་ངོ་ཐུག་གྲོས་ཚོགས”ཀྱི་གོ་སྐབས་དང་བསྟུན་ནས། རྒྱལ་ཡོངས་ཀྱི་མཁོ་འཚོང་དྲ་རྒྱར་གཞི་བཅོལ་ཏེ་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ལས་བརྒལ་བ་དང་། ཚོང་ར་དང་སློབ་གྲྭ།འདུས་སྡོད་ཁུལ་བཅས་སུ་བསྐྱོད་པར་ཧུར་ཐག་བྱས་པས། 2013ལོར་ཞིང་ཕྱུགས་ཐོན་རྫས་སྒོར་དུང་ཕྱུར70.12ཕྱིར་འཚོང་བྱེད་ཐུབ་པ་བྱུང་། དེས“མཚོ་སྔོན་ཚོང་རྫས་ཉོ་འཚོང་ངོ་ཐུག་གྲོས་ཚོགས”སྟེང་གི་མཁོ་སྤྲོད་བྱས་པའི་ཚོང་ཟོག་མངག་ཐོ་ཡི145.14%ཟིན་ཡོད་ཅིང་། མཚོ་སྔོན་གྱི་ཞིང་ཕྱུགས་ཚོང་ཟོག་མངག་ཐོ་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་པའི་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་འཕེལ་རྒྱས་སྐུལ་འདེད་དུ་གཏོང་བར་ཕན་ནུས་གལ་ཆེན་ཐོན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག