མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཧུའེ་རིགས་དང་ས་ལར་རིགས་རོགས་སྐྱོབ་ཚོགས་པས2014ལོའི་ལོ་འཁོར་མོའི་སློབ་གསོ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དབུལ་ཕོངས་སློབ་མ83ལ་རོགས་དངུལ་ཐོབ།

རྩོམ་པ་པོ། བསམ་འཕེལ་ནོར་བུས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-06 10:13

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ2པའི་ཚེས5ཉིན། མཚོ་སྔོན་ཧུའེ་རིགས་དང་ས་ལར་རིགས་རོགས་སྐྱོབ་ཚོགས་པས་མཚོ་སྔོན་མུའུ་སི་ལིན་ཁང་ཆེན་དུ2014ལོའི་ལོ་འཁོར་མོའི་སློབ་གསོ་བཞུགས་མོལ་ཚོགས་འདུ་དང་དགུན་དུས་སློབ་གསོ་རོགས་སྐྱོབ་མ་དངུལ་གཏོང་བའི་མཛད་སྒོ་བསྡུས། རོགས་སྐྱོབ་ཚོགས་འདུ་ལ་ཟི་ལིང་དུ་སྡོད་པའི་གྲོས་སྟོན་པ་དང་ལས་འཛིན་པ་ཁག་ཅིག་དང་། དེ་མིན། ཞིང་ཆེན་ནང་ཁུལ་གྱི་དུས་ཡུན་རིང་བོར་སྤྱི་ཕན་གྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པའི་ལས་རིགས་སོ་སོའི་སྙིང་བརྗེ་མཁན་པོ་མི40ལྷག་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་ཅིང་། ཚོགས་ཞུགས་པ་རྣམས་ཀྱིས་རོགས་སྐྱོར་ཚོགས་པའི2013ལོའི་ལོ་འཁོར་མོའི་བྱ་བའི་སྙན་ཞུར་གསན་པ་མ་ཟད། རྗེས་མའི་སློབ་གསོ་རོགས་སྐྱོབ་བྱ་བའི་འཕེལ་རྒྱས་འཆར་གཞིའི་ཐད་བགྲོ་གླེང་བྱས་ནས། ཚོགས་པ་འདིའི་གྲོས་སྟོན་པ་དང་ཚོགས་མིས་རང་འགན་ཁུར་ནས་མཉམ་དུ་སྤྱི་ཚོགས་ཀྱི་འགན་ཁུར་ཕྲག་སྟེང་དུ་བླངས་ནས་མུ་མཐུད་དུ་སྤྱི་ཕན་གྱི་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འབད་དགོས་པའི་གྲོས་འཆམ་བྱུང་།

    རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཧུའེ་རིགས་དང་ས་ལར་རིགས་རོགས་སྐྱོབ་ཚོགས་པ་བཙུགས་པའི་ཚུན་དུ། སྤྱི་བསྡོམས་པས་རོགས་དངུལ་སྣ་ཚོགས་དང་རོགས་སྐྱོར་དངོས་རྫས་རིན་ཐང་སྒོར་ཁྲི1400ལྷག་གཏོང་སྤྲོད་བྱས་ཤིང་། སློབ་མ8310ལ་རོགས་སྐྱོར་ཐོབ། དེའི་ཁྲོད་དུ་སློབ་ཆེན་སློབ་མ2947དང་།སློབ་འབྲིང་སློབ་མ1801དང་། སློབ་ཆུང་སློབ་མ3562ཡོད།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག