མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལྷད་མེད་ཅན་གྱི་ཟས་རིགས་རྒྱུ་ཆའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མུའུ་འབུམ་བཞི་དང་ཁྲི་གཉིས་ལྷག་ཏུ་བསླེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-05 09:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཞིང་ལས་པུའུ་ཡིས་ཆོག་མཆན་བཀོད་པའི་མཚོ་སྔོན་ཞིང་ཆེན་གྱི་ཏཱ་ཐུང་དང་། ཧོང་ཀྲུང་རྫོང་གཉིས་དང་ནའོ་མུའུ་ཧུའུ་ཞིང་ར་བཅས་སོ་སོར་རྒྱལ་ཡོངས་ཀྱི་ལྷད་མེད་ཟས་རིགས་རྒྱུ་ཆའི་ཞོག་ཁོག་དང་། ཚོད་དཀར། འཕང་འབྲས་སོགས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་སའི་རྟེན་གཞི་བྱས་པ་དང་། རྟེན་གཞི་དེའི་གཞི་ཁྱོན་ལ་སོ་སོར་མུའུ་འབུམ་གཅིག་དང་སྟོང་དྲུག་དང་། འབུམ་གཉིས་དང་ཁྲི་ལྔ། ཁྲི་དྲུག་དང་སྟོང་བརྒྱད་ཡོད། སྤྱིའི་རྒྱ་ཁྱོན་ལ་མུའུ་འབུམ་བཞི་དང་ཁྲི་གཉིས་སྟོང་བཞིར་བསླེབས་པས། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཕྱུགས་ལས་ཚད་ལྡན་ཅན་ལག་བསྟར་དང་ཡར་སྐུལ་བྱེད་ས་གཙོ་བོར་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཁུངས་དང་ཁོར་ཡུག་ཁྱད་སྟོབས་གང་ལེགས་སྒོས་འདོན་སྤེལ་བྱས་ནས། ཁྱབ་ཁོངས་ཅན་གྱི་ཆགས་སྟངས་དང་། གཞི་ཁྱོན་ཅན་གྱི་འཕེལ་རྒྱས། ཚད་ལྡན་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་ཚོང་གཉེར། འཐུས་ཚང་ཅན་གྱི་ལྟ་ཞིབ་དོ་དམ་བཅས་བྱེད་པའི་འཛུགས་སྐྲུན་གྱི་རྣམ་པ་ལྟར། ཤུགས་ཆེན་པོས་ལྷད་མེད་ཟས་རིགས་རྒྱུ་ཆའི་ཚད་ལྡན་ཅན་ཐོན་སྐྱེད་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱ་བར་ཡར་སྐུལ་བྱས་ཏེ། རྒྱུན་ཆད་མེད་པར་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱད་སྟོབས་འདོན་སྤེལ་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག