མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཀྱི་བོད་སྨན་ཐོན་ལས་ལག་རྩལ་གསར་སྐྲུན་ཞབ་ས་ཞུའི་་སྟེགས་བུ་འཛུགས་སྐྲུན་ལས་གཞི་ལ་རྒྱལ་ཁབ་ཀྱིས་རོགས་སྐྱོར་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-05 09:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།མཚོ་སྔོན་ཞིང་ཆེན་ཚན་རིག་ཐིན་གྱིས་རྩ་འཛུགས་བྱས་པའི་བོད་སྨན་ཐོན་ལས་ལག་རྩལ་གསར་སྐྲུན་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ལས་གཞི་ལ་རྒྱལ་ཁབ་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི༢༠༠༠གནང་།

     རྒྱུས་ལོན་པ་ལྟར་ན།བོད་སྨན་ཐོན་ལས་ལག་རྩལ་གསར་སྐྲུན་ཞབས་ཞུའི་སྟེགས་བུ་ནི་བོད་སྨན་ཐོན་ཁུངས་་སྲུང་སྐྱོང་དང་བེད་སྤྱོད།བོད་སྨན་ཐོན་སྐྱེད་ཀྱི་ལག་རྩལ།བོད་སྨན་ཐོན་ལས་ཀྱི་སྤྱི་ཁྱབ་ཞབས་ཞུ་སོགས་དགོས་མཁོ་་ལ་དམིགས་ཏེ། མཚོ་སྔོན་དང་བོད་ལྗོངས།  ཀན་སུའུ། སི་ཁྲོན།  ཡུན་ནན་སོགས་ཞིང་ལྗོངས་ལྔའི་ཕུལ་བྱུང་ཚན་རྩལ་ཐོན་ཁུངས་ཕན་འབྲས་ཡོད་པའི་སྒོ་ནས་ཧྲག་བསྡུ་བྱས་པ་དང་། སྲིད་ཇུས་གཏན་འཁེལ་དང་ལག་བསྟར།ལྟ་ཞིབ་སོགས་གཞི་གཅིག་ཏུ་འདྲེས་པའི་འཁོར་སྤྱོད་ལམ་ལུགས་བཙུགས་པ་བརྒྱུད། རང་རྒྱལ་བོད་སྨན་ཐོན་ལས་ལག་རྩལ་གསར་སྐྲུན་ཞབས་ཞུའི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་།  བོད་སྨན་ཐོན་ལས་གསར་སྐྲུན་ལ་ཚན་རྩལ་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་པར་ནུས་ཤུགས་ཆེན་པོ་ཐོན་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག