མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྲོང་ཁྱེར་གྱིས་ཚོང་འགུག་དངུལ་འདྲེན་ལས་གཞི་བརྒྱ་དང་ལྔ་ཅུ་ལག་བསྟར་བྱས་པ་དང་དོན་ཐོག་ཏུ་འཁྱོལ་བའི་མ་དངུལ་སྒོར་མོ་དུང་ཕྱུར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་བཞིར་བསླེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན  2014-02-05 09:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ན་ནིང་ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཚོང་འགུག་དངུལ་འདྲེན་ལས་གཞི་བརྒྱ་དང་ལྔ་ཅུ་ལག་བསྟར་བྱས་པ་དང་། དོན་ཐོག་ཏུ་འཁྱོལ་བའི་མ་དངུལ་སྒོར་མོ་དུང་ཕྱུར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་བཞིར་བསླེབས་ནས་སྔོན་དང་བསྡུར་ན་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་ལྔ་ཇེ་མང་དུ་སོང་།

ན་ནིང་མཚོ་ཤར་གྲོང་ཁྱེར་གྱིས་རྒྱུན་ཆད་མེད་པར་ཚོང་འགུག་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་། དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་བཏང་ཏེ། ཕྱོགས་ཡོངས་ནས་ཚོང་འགུག་དངུལ་འདྲེན་བྱ་བ་སྤེལ། མ་དངུལ་གྱི་ཡོངས་ཁུངས་ལ་བལྟས་ཚེ། ཀྲེ་ཅང་དང་། པེ་ཅིན། ཅང་སུའུ། ཟི་ཁྲོན། ཧྲན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་ལྔས་དངུལ་གཏོང་བསྡུར་ཚད་ཅུང་མཐོ་ཞིང་། དོན་ཐོག་ཏུ་འཁྱོལ་བའི་མ་དངུལ་གྲོང་ཁྱེར་ཡོངས་ཀྱི་དོན་ཐོག་ཏུ་འཁྱོལ་བའི་སྤྱིའི་གྲངས་ཀའི་བརྒྱ་ཆའི་ཞེ་གསུམ་དང་གྲངས་ཆུང་དྲུག་ཟིན། འདས་པའི་ལོ་གཅིག་གི་ནང་དུ། གསར་དུ་བཙུགས་པའི་མཚོ་ཤར་གྲོང་ཁྱེར་གྱིས་ཚོང་འགུག་བྱ་བར་ཤུགས་བསྣན་ནས་ཚོང་འགུག་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། ཚོང་འགུག་བྱ་བའི་ཆུ་ཚད་ཇེ་མཐོར་བཏང་། ཞིང་ཆེན་ཕྱི་ནང་གི་དཔལ་འབྱོར་ཉོ་ཚོང་བྱ་འགུལ་སྣ་ཚོགས་སུ་ཞུགས་པའི་ཞོར་དུ། ད་རུང་སྒོ་ཁར་སོང་ནས་ཚོང་བ་འགུག་པ་དང་། རྟོག་ཞིབ་འབྲེལ་མཐུད་ལས་གཞི་སྤེལ་ནས། མེན་ཧོ་བན་ཁང་ཧ་ཡངས་ལས་རིགས་ཀྱིས་ལོ་རེར་ཧ་ཡངས་ཏུན་འབུམ་གཉིས་ཐོན་སྐྱེད་བྱེད་ཐུབ་པ་དང་། མཚོ་སྔོན་མེན་ཏུ་ནུས་ཁུངས་དངོས་སྐྱེལ་སྡེ་ཚོགས་ཚ་གློག་མཉམ་འབྲེལ་ཐོན་སྐྱེད་སོགས་ལས་གཞི་རིམ་བཞིན་དངོས་འབེབས་བྱས། བཱ་ཧ་ཧ་དང་། ཧྲོང་ཧོས། ཡ་ཀིར་སོགས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་གྲགས་ཅན་ལྔ་བཅུ་ལྷག་ལ་རྟོག་ཞིབ་བྱས་པར་མ་ཟད། མ་དངུལ་གཏོང་མཁན་གྱི་ཁེ་ལས་དང་ཚོང་བ་སྐོར་ཞིག་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་པར་གདན་དྲངས་པ་དང་། བཟོ་ལས་ཁེ་ལས་བཅུ་གཅིག་དང་མ་དངུལ་གཏོང་བའི་ཆིངས་ཡིག་བཀོད་དེ། མཚོ་སྔོན་ཞིང་ཆེན་ཚོང་གཏམ་ཚོགས་འདུའི་སྐབས་སུ་བདེ་བླག་ངང་ཆིངས་ཡིག་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག