མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དེ་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་འཕར་ཚད་ལས་མགྱོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-05 09:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། རྒྱལ་ཁབ་ཀྱི་བསྡོམས་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱིའི་རུ་ཁག་གིས་འཐེན་ཞིབ་བྱས་པའི་གྲངས་ཀ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་མཁའ་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་དགུ་བཞི་བརྒྱ་གོ་བརྒྱད་ལྷག་ཡིན་པ་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་དྲུག་དང་བརྒྱ་དང་གོ་དྲུག་ལྷག་ཡིན་ལ། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོའི་བསྡུར་ཚད་དེ་གསུམ་དང་གྲངས་ཆུང་གཅིག་ལྔ་དང་གཅིག་ཡིན་པ་དང་ཡོང་སྒོའི་ཁྱད་པར་དེ་ལོ་སྔོན་མ་ལས་ཐིག་དང་གྲངས་ཆུང་གཅིག་གསུམ་གྱིས་ཇེ་ཆུང་ལ་སོང་། འཐེན་ཞིབ་བྱས་པའི་གྲངས་ཀ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་གཅིག་འཕར་སྣོན་བྱུང་བ་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་ལྔ་ལྷག་ལ་འཕར་སྣོན་བྱུང་ཞིང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཡོང་སྒོ་འཕར་ཚད་དེ་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཡོང་སྒོའི་འཕར་ཚད་དང་བསྡུར་ན་བརྒྱ་ཆའི་གྲངས་ཐིག་བཞི་ལྷག་གིས་མགྱོགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག