མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་དབུལ་སྐྱོར་གསར་སྤེལ་བྱ་བ་ཇེ་མགྱོགས་སུ་བཏང་ནས་ཕན་འབྲས་ཅུང་བཟང་བོ་བླངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-05 09:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་དབུལ་སྐྱོར་གསར་སྤེལ་བྱ་བ་ཇེ་མགྱོགས་སུ་བཏང་ནས། གསར་དུ་གཏན་ལ་ཕབ་པའི་དབུལ་ཕོངས་སྡེ་བ་བཅོ་བརྒྱད་ནས་གཅིག་བསྡུས་མུ་འབྲེལ་གྱི་སྡེ་བ་དག་ཐེར་ཡར་སྐུལ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དང་། ལས་གཞི་དེར་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་དགུ་ལྷག་བཏང་ནས། རོགས་སྐྱོར་ཐོབ་པའི་ཞིང་བ་ཁྱིམ་ཚང་སྟོང་དགུ་དང་བརྒྱད་བརྒྱ་ལྷག་དང་མི་གྲངས་ཁྲི་གསུམ་དང་སྟོང་བཞི་དགུ་བརྒྱ་ལྷག་ཏུ་བསླེབ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། དཔའ་ལུང་རྫོང་གིས་ད་ལོར་ལག་བསྟར་བྱེད་རྒྱུ་ཡིན་པའི་སྡེ་བ་དག་ཐེར་ཡར་སྐུལ་བྱེད་པའི་ལས་གཞི་ནི། རྨ་ཆུའི་ཐོན་ཁུངས་རྒྱབ་རྟེན་བྱས་ནས། མཚེའུ་མགུར་དང་། ཀ་མདོ། ཡར་རྐ་སོགས་ཆུ་མ་ས་ཁུལ་གྱིས་སྟར་ཁའི་སྡོང་བོ་འཛུགས་པའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གཏོང་བ། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་ཡིན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག