མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ན་ནིང་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ནས་གྲུབ་འབྲས་ཅུང་བཟང་བོ་བླངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-05 09:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ན་ནིང་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བའི་ཚུན་ལ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་གཞན་གྱིས་དོན་དག་གཅིག་སྒྲུབ་ན། རང་གིས་ལྡབ་འགྱུར་གྱིས་སྒྲུབ་པའི་སྙིང་སྟོབས་དར་སྤེལ་བྱས་པ་དང་། ཚད་གཞི་མཐོ་བ་དང་རྒྱུ་སྤུས་མཐོ་བ་བཅས་ཀྱི་བྱ་བ་སྒྲུབ་པའི་བརྩོན་སེམས་ཡར་སྐུལ་བྱས། 

སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཕན་འབྲས་ལྡན་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། དུས་ཚོད་ཀྱི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་ཁུངས་ཉི་ཤུ་མཉམ་དུ་ཞུགས་ནས། ལས་གཞི་སྣ་ཚོགས་ཀྱི་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གཉིས་ཁྲི་དྲུག་དག་ཐེར་བཅོས་སྐྱོང་བྱས་ཤིང་། ཉིན་བརྒྱའི་དུས་ཚོད་བེད་སྤྱད་དེ། མཛོ་རྒན་ར་བར་གྲོང་རྡལ་གྱི་སྦྲེ་རྒན་སྡེ་བ་དང་། རྨ་ཕྲ་ལི་གྲོང་རྡལ་གྱི་རྨ་ལ་བཞི་སྡེ་བའི་འབྲོག་ཁྱིམ་བདུན་བརྒྱ་དང་ཉེར་གཅིག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། གྱང་ར་བསྐོར་བ་དང་སྒོ་ཆེན་ལས་བ། མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན། ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པ། སྡེ་བ་རིམ་པའི་ཐོན་ལས་འཕར་སྣོན་གཏོང་བ་སོགས་བྱ་བའི་ལས་འགན་ཆེན་པོ་ལྔ་གཙོ་ཡིན་པའི་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། དཔེ་སྟོན་སྡེ་བ་གཉིས་ཀྱི་རྣམ་པ་གསར་བསྒྱུར་བྱས་ནས། ཁུལ་ཡོངས་སུ་ཞིང་སྡེ་གསར་བ་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་དུས་རབས་ཀྱི་མིག་དཔེར་ཆགས། རྨ་སྟོད་རྫོང“ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི”བྱ་འགུལ་མགོ་ཁྲིད་ཚན་ཆུང་དེ་ཞིང་ཆེན་ཡོངས་ཀྱི“ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི”བྱ་འགུལ་གྱི་སྔོན་ཐོན་རྫོང་དུ་བདམས་པ་དང་། རྨ་ཕྲ་ལི་གྲོང་རྡལ་དང་མཛོ་རྒན་ར་བའི་སྦྲེ་རྒན་སྡེ་བ་བཅས“ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི”བྱ་འགུལ་གྱི་སྔོན་ཐོན་ཞང་དང་གྲོང་རྡལ་དང་སྔོན་ཐོན་སྡེ་བར་བདམས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག