མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་སྟོད་རྫོང་གིས་རྫོང་ནོར་སྲིད་མ་དངུལ་མི་འདང་བའི་གནས་ཚུལ་འོག་མ་དངུལ་མང་ཙམ་བཏང་སྟེ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བ་རྒྱུན་འཁྱོངས་བྱས་ནས་ཕན་འབྲས་ཅུང་བཟང་བོ་བླངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-05 09:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གྲང་ངར་ཆེ་ཞིང་མཐའ་འཁོབ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་རྨ་སྟོད་རྫོང་གིས་རྫོང་ནོར་སྲིད་མ་དངུལ་མི་འདང་བའི་གནས་ཚུལ་འོག མ་དངུལ་མང་ཙམ་བཏང་སྟེ་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བྱ་བ་རྒྱུན་འཁྱོངས་བྱས་ནས། རྫོང་ནོར་སྲིད་ཀྱིས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་ཁྱབ་ཁོངས་ཐད་ལ་བཏང་བའི་འགྲོ་སོང་རྫོང་ཡོངས་ཀྱི་ནོར་སྲིད་ཀྱི་བརྒྱ་ཆའི་རེ་དྲུག་ཏུ་བསླེབས།

ཉེ་བའི་ལོ་འགའི་རིང་ལ་རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་སློབ་གྲྭར་འགྲོ་བ་དང་། ནད་ལ་སྟོན་པ། སྡོད་ཁང་དང་། ལས་ཞུགས་སོགས་ཐད་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ། སློབ་གསོའི་ཐད་ནས་དམིགས་བསལ་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། རྫོང་ཡོངས་ཀྱི་བྱིས་བཅོལ་ཁང་ཐོག་མ་བཙུགས་པར་མ་ཟད་སློབ་མགོ་ཚུགས། མ་དངུལ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་བདུན་ཁྲི་བཞི་བཏང་ནས་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་གི་ཚོད་ལྟ་ཐོག་ཁང་གི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་བྱ་བ་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་བྱས་ཤིང་། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། སློབ་འབྲིང་དུ་ཞུགས་ཚད། ན་གཞོན་གྱི་ཡིག་རྨོངས་སེལ་ཚད་བཅས་ཆ་སྙོམས་ཀྱི་བརྒྱ་ཆའི་བརྒྱར་བསླེབ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག