མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གྲོང་རྡལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-03 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ1པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱི་གྲོང་རྡལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཚད་མཐོན་པོས་གོང་དུ་སྤེལ།

རྒྱུས་ལོན་པ་ལྟར་ན། 2013ལོར་མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་ཆ་སྡེབ་སྦུག་ལམ་དྲ་བའི་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར1.96བཏང་ནས། རྫོང28ལ་སྤྱི་ལེ212.06ཡོད་པའི་བཙོག་ཆུ་སྦུག་ལམ་དྲ་བ་འཛུགས་སྐྲུན་བྱེད་པའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་དང་གྲོས་མོལ་བྱས་ཏེ་ཞིང་ཆེན་རིམ་པའི་སྔོན་རྩིས་ཁྲོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར2བཏང་ནས་གྲོང་རྡལ་ཆུང་བ12འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས། ཞིང་ཆེན་ཡོངས་སུ་བཙོག་ཆུ་ཐག་གཅོད་བཟོ་གྲྭ19འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད་པ་དང་དེ་གྲོང་ཁྱེར་དང་རྫོང15ལ་ཁྱབ་ཡོད། གྲོང་རྡལ་གྱི་བཙོག་ཆ་ཐག་གཅོད་བཟོ་གྲྭ34འཛུགས་སྐྲུན་བྱས། གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས92འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། གྲོང་རྡལ་གྱི་འཚོ་བའི་གད་སྙགས་སྦས་ས27འཛུགས་སྐྲུན་བྱས་ནས་རྫོང་མཁར་ཡན་གྱི་གྲོང་རྡལ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད།

ད་ལོར་མཚོ་སྔོན་གྱིས་གྲོང་རྡལ་གྱི་གྲོང་ཁྱེར་སྲིད་འཛིན་སྤྱི་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བསྣན་ཏེ། གྲོང་རྡལ་བཙོག་ཆུ་ཐག་གཅོད་སྒྲིག་ཆས་དང་འཚོ་བའི་གད་སྙིགས་ཐག་གཅོད། གཅིག་བསྡུའི་དྲོད་ལེན་དང་སོལ་རླངས་སྦུག་ལམ་དྲ་བ་ལེགས་བཅོས། གད་སྙིགས་བཅོས་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་གང་ལེགས་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག