མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱིས་དུས་ཆེན་སྐབས་ཀྱི་གནས་སྐབས་དངོས་ཟོག་རིན་གོང་ཚོད་འཛིན་བྱེད་ཐབས་དངོས་འབེབས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-03 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་སྐབས་སུ། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་ཧུར་བརྩོན་གྱིས་དངོས་ཟོག་རིན་གོང་ལྟ་སྐུལ་ལག་བསྟར་བྱས་ཏེ། མུ་མཐུད་དུ་དུས་ཆེན་སྐབས་ཀྱི་གནས་སྐབས་དངོས་ཟོག་རིན་གོང་ཚོད་འཛིན་བྱེད་ཐབས་དངོས་འབེབས་གང་ལེགས་བྱས།

རྒྱུས་ལོན་པ་ལྟར་ན། ན་གོར་མོ་གྲོང་ཁྱེར་གྱིས་ཁྲོམ་ར་ཆེན་མོ་ནང་གི་དུས་ཆེན་སྐབས་ཀྱི་ཚོང་ཟོག་ཕྱིར་འཚོང་རིན་གོང་ལ་ཚོད་འཛིན་བྱས་ཏེ། ཟླ1པོའི་ཚེས23ཉིན་སིལ་འཚོང་རིན་གོང་གི་རྨང་གཞི་སྟེང་10%མར་བཅག་པ་དང་། དུས་ཡུན་ཟླ1གི་རིང་ལག་བསྟར་བྱས་ནས་ཟླ2པའི་ཚེས24ཉིན་བར་ལག་བསྟར་བྱེད་རྒྱུ་རེད།

མུ་མཐུད་དུ་དཀའ་ངལ་མང་ཚོགས་ལ་དུས་ཆེན་གྱི་དངོས་ཟོག་རིན་གོང་ཁ་གསབ་བྱས། དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་ཆེད། ལུགས་གསར་ལོ་སར་སྐབས་ཀྱི་དངོས་ཟོག་རིན་གོང་ཁ་གསབ་བྱས་པའི་རྨང་གཞིའི་སྟེང་། ལུགས་རྙིང་ལོ་སར་ལ་དམིགས་ཏེ་དུས་ཆེན་གྱི་དངོས་ཟོག་རིན་གོང་ཁ་གསབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱེད་ཡུལ་མི250དང་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི9210། ཞིང་སྡེའི་ལྔ་སྐྱོང་གཉོར་སྐྱོང་བྱེད་ཡུལ་མི46། ད་ཕྲུག་མི40བཅས་བསྡོམས་པས་མི9546ལ་ཐེངས་གཅིག་རང་བཞིན་གྱི་དུས་ཆེན་དངོས་ཟོག་ཉོ་སྒྲུབ་བྱང་བུ་མི་རེར་སྒོར100རེ་བྱིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག