མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཀྱི་དངུལ་གཏོང་གི་ཚད་མྱུར་དུ་ཇེ་མཐོར་སོང་བ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་རྟོག་ཞིབ་སྤྱིའི་རུ་ཁག་གིས་གསར་དུ་བསྒྲགས་པའི་རྟོག་ཞིབ་མཇུག་འབྲས་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར། མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཀྱི་དངུལ་གཏོང་ཚད་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་བཞི་ཡིན་ལ་ལོ་སྔོན་མ་ལས་བརྒྱ་ཆའི་ཉེར་གཉིས་ལྷག་འཕར་བ་དང་། དེའི་ནང་བརྟན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་གི་ཚད་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་བྱེ་བ་ལྔ་ས་ཡ་གཅིག་ཡིན་ལ་བརྒྱ་ཆའི་བརྒྱ་དང་ཉེར་གསུམ་ལྷག་འཕར།

ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཀྱི་དངུལ་གཏོང་གི་ཚད་ཇེ་མཐོར་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི། གཅིག གསར་བཙུགས་ཁེ་ལས་ཀྱི་དངུལ་གཏོང་གི་ཚད་ཇེ་མཐོར་སོང་བ་དང་རྒྱུ་ནོར་ཇེ་མང་དུ་སོང་བ་སྟེ། དཔེར་ན་འགག་གསུམ་ནུས་ཁུངས་གསར་བའི་ན་གོར་མོའི་གློག་འདོན་ཚད་ཡོན་ཀུང་ཟི་ནི་ཉིས་སྟོང་བཅུ་གཉིས་ལོར་གསར་དུ་བཙུགས་པ་ཡིན་ལ། ཉིས་སྟོང་བཅུ་གསུམ་ལོར་དེའི་དངུལ་གཏོང་གཞི་ཁྱོན་ཆེས་ཆེར་རྒྱ་བསྐྱེད་དེ། བརྟན་འཇགས་རྒྱུ་ནོར་ཁོ་ནའི་ཐད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གསུམ་བཏང་བ་དང་དེ་སྔོན་ལོ་ནས་ལྡབ་བརྒྱ་དང་གོ་བརྒྱད་འཕར། གཉིས། ཁེ་ལས་ཀྱིས་ཐོན་ནུས་འཕར་བར་བྱེད་པའི་ལག་རྩལ་བསྒྱུར་བཀོད་བྱས་པ་དང་ཐོན་སྐྱེད་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་སོང་བ། གསུམ། ཆུ་གློག་ཁེ་ལས་ཀྱིས་གློག་འདོན་ས་ཚིགས་རྒྱ་བསྐྱེད་དེ་བརྟན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་གི་ཚད་ཇེ་མང་དུ་བཏང་བ་བཅས་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག