མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་བོད་སྨན་ཐོན་ལས་ལག་རྩལག་གསར་སྐྲུན་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་ཐོབ་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་བྱས་ཏེ་ཡར་ཞུ་བ་ཡས་པའི་བོད་སྨན་ཐོན་ལས་ལག་རྩལ་གསར་སྐྲུན་ཞབས་ཞུ་སྟེགས་བུའི་འཛུགས་སྐྲུན་ལས་གཞི་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་བྱེ་བ་གཉིས་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན།བོད་སྨན་ཐོན་ལས་ལག་རྩལ་གསར་སྐྲུན་ཞབས་ཞུ་སྟེགས་བུས་བོད་སྨན་གྱི་རྒྱུ་ཆར་སྲུང་སྐྱོབ་དང་དེ་བཀོལ་སྤྱོད་བྱེད་པ། བོད་སྨན་ཐོན་སྐྱེད་ཀྱི་སྤྱི་སྤྱོད་ལག་རྩལ། བོད་སྨན་ཐོན་ལས་ཀྱི་སྤྱི་སྤྱོད་ཞབས་ཞུ་སོགས་ཀྱི་དགོས་མཁོ་བསམ་ཞིང་། ཐོན་ལས་བརྒྱུད་རིམ་གྱི་མི་འདང་སར་དམིགས་ནས། མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་ཞིང་ལྗོངས་ཀྱི་ཚན་རྩལ་ཐོན་ཁུངས་བཟང་པོ་ནུས་ལྡན་གྱིས་ཁུ་སྡུད་བྱེད་པ་དང་། ཇུས་ཆོད་དང་ལག་བསྟར། ལྟ་སྐུལ་བཅས་གཅིག་ཏུ་མ་འདྲེས་པའི་འགན་དབང་གསལ་བའི་དོ་དམ་སྒྲིག་ལུགས་འཛུགས་པ། གཉིས་ཕན་མཉམ་རྒྱལ་དང་འགྲན་རྩོས་རོགས་ལས། སྒོ་འབྱེད་འཁོར་རྒྱུག་གི་འཁོར་སྐྱོད་སྒྲིག་ལུགས་འཛུགས་པ་བཅས་བྱས་ཏེ། རང་རྒྱལ་གྱི་བོད་སྨན་ཐོན་ལས་ལག་རྩལ་གསར་སྐྲུན་གྱི་ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། བོད་སྨན་ཐོན་ལས་གསར་སྐྲུན་འཕེལ་རྒྱས་ཀྱི་ཐད་ལ་སྟོབས་དང་ལྡན་པའི་ཚན་རྩལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག