མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཡན་ལག་དངུལ་ཁང་གིས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་ལྔ་འབུམ་བདུན་ཁྲི་གསུམ་བཏང་ནས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བྱ་བར་རྒྱབ་སྐྱོར་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡན་ལག་དངུལ་ཁང་གིས་མ་དངུལ་བསྐྱི་བའི་བྱ་བ་ཇེ་བཟང་དུ་བཏང་བ་དང་། ཚྭ་གདམ་གཞོང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྣན་ནས། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་བར་དུ་མ་དངུལ་སྒོར་མོ་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་ལྔ་འབུམ་བདུན་ཁྲི་གསུམ་བསྐྱིས་ནས། ལོ་ཧྲིལ་པོར་བསྡོམས་པས་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ས་ཡ་ལྔ་འབུམ་གཅིག་བཏང་།

དངུལ་ཁང་དེས་རང་འགུལ་གྱིས་ས་གནས་སྲིད་གཞུང་གི་འགན་ནུས་སྡེ་ཁག་དང་དཔལ་འབྱོར་དོ་དམ་སྡེ་ཁག ལས་རིགས་གཙོ་སྒྲུབ་དོ་དམ་སྡེ་ཁག་བཅས་ལ་འབྲེལ་གཏུག་བྱས་པ་དང་། དུས་ཐོག་ཏུ་ལས་གཞིའི་ཐད་ནས་མཐུན་སྦྱོར་དང་ཡིད་རྟོན་དགོས་མཁོ་བྱ་བར་རྒྱུས་ལོན་བྱས་ནས། ཉིས་སྟོང་བཅུ་གསུམ་ལོའི་ཚུན་གྱི་ཡིད་རྟོན་མ་དངུལ་གཙོ་བོ་སོལ་གཏེར་སྔོག་འདོན་དང་། མདོག་ལྡན་ལྕགས་རིགས་སོགས་ཁྱད་ཆོས་ལྡན་པའི་ལས་རིགས་དང་ལས་གཞིའི་ཐད་ལ་བཏང་། ཞིང་ལས་དང་འབྲེལ་བ་ཡོད་པའི་ཐད་ལ་སྟོབས་ཤུགས་ཡོད་རྒུས་དངུལ་བསྐྱིས་ཏེ་རོགས་རམ་བྱེད་པའི་བྱེད་སྒོ་སྤེལ། དངུལ་ལོར་ཞབས་ཕྱིའི་ཁེ་ལས་ཆུང་བ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་དངོས་འབེབས་བྱས་ནས། ཞོའེ་ཧྥུན་དངོས་སྐྱེལ་སོགས་དོ་དམ་བྱ་བ་ཚད་ལྡན་ཡིན་པའི་ཁེ་ལས་ཆུང་བ་སྐོར་ཞིག་ལ་རྒྱབ་སྐྱོར་བྱས་ནས་ཁེ་ལས་ཆུང་བར་ཞབས་ཕྱི་སྒྲུབ་པའི་ནུས་པ་ཇེ་ཆེར་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག