མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་ཚོགས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། ཅི་རིན་ཧྥིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་བའི་ཀྲུའུ་ཞི་གཞོན་པ་ལིས་ཀྲུང་པའོ་བཅས་ཚོགས་འདུར་ཞུགས་པ་མ་ཟད། ཁྲིན་ཙི་ཆོན་གྱིས་ཚོགས་འདུར་མགོ་འཛིན་བྱས།

བཞུགས་མོལ་བྱེད་སྐབས། ཚོགས་འདུར་ཞུགས་པའི་མི་རྣམས་ཀྱིས་འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་སྲིད་གྲོས་ཀྱིས་དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། བསམ་ཕྱོགས་གསར་སྐྲུན་བྱེད་པ། སྒྲིག་ལུགས་འཐུས་ཚང་དུགཏོང་བ། ཐབས་ལམ་རྒྱ་བསྐྱེད་པ། དངོས་འབེབ་ནན་མོ་བྱེད་པ། འགན་ནུས་ལག་བསྟར་ནན་མོ་བཅས་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པ། འཆམ་མཐུན་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་ནུས་པ་གང་ལེགས་བཏོན་ནས། མཚོ་སྔོན་ཞིང་ཆེན་གྱིས་ཁུལ་གསུམ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་འདོད། ཚོགས་འདུར་ཞུགས་པའི་མི་རྣམས་ཀྱིས་ད་དུང་ཞིང་ཆེན་སྲིད་གྲོས་ཀྱིས་གཞི་རིམ་སྲིད་གྲོས་བྱ་བའི་མཛུབ་སྟོན་ལ་སྔར་ལས་ཤུགས་སྣོན་པ་དང་། གཞི་རིམ་སྲིད་གྲོས་ཨུ་ཡོན་གྱི་གསོ་སྦྱོང་ལ་ཤུགས་སྣོན་པ། གྲོས་གཞིའི་སྤུས་ཚད་ཇེ་མཐོར་གཏོང་བ་སོགས་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

བསམ་འཆར་དང་གྲོས་གཞི་ལ་ཞིབ་ཏུ་ཉན་རྗེས། རིན་ཆེན་རྒྱལ་གྱིས་ཕྱོགས་ལྔ་ནས་རེ་བ་བཏོན། གཅིག སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་ཁྱད་སྟོབས་མུ་མཐུད་དུ་འདོན་པ་དང་། གུང་ཧོ་རྫོང་རིག་མོ་གྲོང་བརྡལ་ཧ་ཡག་སྡེ་བའི་རང་བདག་དོ་དམ་གྱི་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སྔར་ལས་བཟང་པོར་བསྒྲུབ་དགོས། གཉིས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་དཀའ་ངལ་ཅན་གྱི་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱེད་པའི་བྱ་བ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། གསུམ། མཚོ་སྔོན་ཞིང་ཆེན་གྱི་བྱམས་བརྩེའི་སྤྱི་ཕན་ཐེབས་རྩ་ཚོགས་པའི་བྱ་བ་རྒྱ་བསྐྱེད་དེ། སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་སོ་སོས་གཅེས་སེམས་འབུལ་བའི་སྟེགས་བུ་བཟང་པོར་འཛུགས་དགོས། བཞི། གཞོགས་འདེགས་དམ་པོས་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་གྲོས་ཚོགས་གཉིས་བཟང་པོར་བསྡུས་ཏེ། ཆེད་དོན་སྲིད་གྲོས་བྱ་བ་སྔར་ལས་བཟང་པོར་སྤེལ་དགོས། ལྔ། སློབ་སྦྱོང་ལ་ཤུགས་བསྣན་ཏེ་གནད་དོན་ལ་བསམ་གཞིགས་གཏོང་བ་དང་གནད་དོན་ལ་ཞིབ་འཇུག་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཟེར།

ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོ་བཅས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་བཏོན་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཁུལ་གསུམ་ཧུར་ཐག་གིས་བསྐྲུན་པ། འབྱོར་འབྲིང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམ་དུ་དམིིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ཁུལ་འཛུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བྱམས་བརྩེའི་སྤྱི་ཕན་ཐེབས་རྩ་ཚོགས་པའི་བྱ་བ་རྒྱ་བསྐྱེད་པ། དཀའ་ངལ་ཅན་གྱི་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱ་འགུལ་སྤེལ་བ་བཅས་གཙོ་གནད་དུ་བཟུང་སྟེ། འགན་ནུས་ལག་བསྟར་ནན་མོ་དང་ནུས་པ་འདོན་སྤེལ་བཟང་པོ་བྱས་ཏེ། མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག