མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་དོན་ལས་ཁུངས་ཀྱིས་ལས་གཞིའི་དམིགས་ཚད་སོ་སོ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-02 10:40

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་དོན་ལས་ཁུངས་ཀྱིས་དམངས་འཚོ་གཞི་རྩར་བཟུང་སྟེ། དོན་དངོས་ལ་རྐང་བཙུགས་ནས་གཙོ་གནད་འབུར་དུ་བཏོད་པ་དང་། དཀའ་བ་ཁྱད་དུ་སེལ་ཏེ་འབད་བརྩོན་ལྷོད་མེད་བྱས་པས་ལས་གཞི་སོ་སོའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ལ། གཙོ་གནད་བྱ་བ་དང་དམིགས་ཚད་ཐད་ལ་གྲུབ་འབྲས་གསར་བ་བླངས།

    ལོ་ཧྲིལ་བོར་གྲོང་རྡལ་གྱི་གསར་དུ་ལས་ཞུགས་བྱས་པ་མི་ཁྲི6ཡོད་པ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་བྱས་ཏེ་ལས་ཞུགས་བྱས་པ་མི་ཐེངས་ཁྲི115ལ་སླེབས་པ་དང་། གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཤོར་བྱུང་ཚད3.3%དང་། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད88%ལ་སླེབས་པས་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ཚད་བརྒལ་གྱིས་ལེགས་འགྲུབ་བྱས། མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མ་དང་དཀའ་ངལ་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། རོང་འབྲོག་པའི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ཇེ་མགྱོགས་སུ་གཏོང་ཆེད། ཡིག་ཆ་དང་ཆ་སྡེབ་བྱེད་ཐབས12བཏོན། མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལ་སྐུལ་འདེད་གཏོང་བ་ལ་ལས་ཞུགས་མ་བྱས་པའི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མར་ཆེད་དམིགས་ལས་ཞུགས་གསོ་སྦྱོང་བཟོ་འགོད་མགོ་བརྩམས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཡུས་ཧྲུའུ་ཡི་མཐོ་རིམ་སློབ་ཆེན་སློབ་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚོད་ལྟའི་ས་ཚིགས་ལ་སྐུལ་འདེད་བཏང་། མུ་མཐུད་དུ་སྟོན་དུས་སྲིང་བལ་བཏོག་པ་དང་འདྲེ་ཚེར་མ་བཏོག་པ་སོགས་ཀྱི་རྩོལ་ལས་ཕྱིར་གཏོང་ཆེད་དམིགས་བྱ་འགུལ་སྤེལ་ཏེ། ནན་ཏན་སྒོས་ལས་ཞུགས་ཞབས་ཞུ་ཟླ་བ་དང་དཔྱིད་རླུང་བྱ་འགུལ་སོགས་ཀྱི་བྱ་འགུལ་སྤེལ། ཤུགས་ཆེན་པོས་ལས་སྐྲུན་གྲོང་ཁྱེར་དང་ལས་སྐྲུན་ར་བ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལས་ཞུགས་རོགས་སྐྱོར་བྱ་བར་ཤུགས་བསྣན་པ་དང་། ཁེ་ལས་ཆུང་བའི་མི་ཤུགས་བཀོལ་སྤྱོད་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས།

    བོད་ཁུལ་དང་གཞི་རིམ་ལ་ཁ་ཕྱོགས་ནས། གཟིགས་སྐྱོང་སྲིད་ཇུས16གཏན་འཁེལ་བྱས་ཏེ་ལག་བསྟར་བྱས་པ་དང་། གཞུང་ཞབས་པ་དང་ལས་དོན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྡུ་ལེན་བྱེད་པར་སྔར་ལས་དོན་དངོས་ཀྱི་དགོས་མཁོར་དམིགས་ཡོད། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་མཉམ་འབྲེལ་བྱས་ཏེ་ཏང་སྲིད་ལས་ཁུངས་ཀྱི་མི་སྣ་དཔྱད་འདེམས་བྱེད་ཐབས་བཅོས་སྒྲིག་བྱས་ཏེ་གཞུང་ཞབས་མི་སྣའི་བོད་སོག་སྐད་ཡིག་རྒྱུགས་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ལས་དོན་ལས་ཁུངས་ཀྱི་ལས་རྐང་སྒྲིག་བཟོ་དོ་དམ་དང་མི་སྣ་གདན་ཞུ་བྱས་ཚད་ཆ་སྙོམས་ཀྱིས99%ཡན་ལ་སླེབས་ཡོད་པས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད། སློབ་གསོ་དང་འཕྲོད་བསྟེན་སོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་སློབ་གྲྭ་ཆུང་འབྲིང་གི་དཔུང་སྡེ་འཛུགས་སྐྲུན་དང་གཞུང་བཙུགས་སྨན་ཁང་བཅོས་སྒྱུར་སོགས་མི་དོན་བགོ་བྱའི་ལམ་ལུགས་བཅོས་བསྒྱུར་ལེགས་འགྲུབ་བྱས་ནས་ཕྱོགས་ཡོངས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གོ་གནས་བཅོས་བསྒྱུར་ཚོད་ལྟའི་བྱ་བ་ལེགས་འགྲུབ་བྱས། ཤང་གྲོང་གི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གསོ་སྦྱོང་བྱས་པ་མི་ཁྲི9.2ལ་སླེབས་པ་དང་། མཐོ་རིམ་ལག་རྩལ་མི་སྣ་མི3888གསར་སྣོན་བྱུང་ལ། ཕྱི་རྒྱལ་གྱི་ལག་རྩལ་དང་དོ་དམ་མི་སྣའི་ལས་གཞི་དང་དཔེ་སྟོན་ཁྱབ་གདལ་ལས་གཞི43ནང་འདྲེན་བྱས་ལ། མི18ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཁ་གསབ་ལོངས་སྤྱོད་བྱེད་པའི་ཆེད་མཁས་པའི་མཚན་སྙན་ཐོབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག