མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཁྱབ་ཚུལ་ལེགས་སྒྲིག་བྱས་ཏེ་གྲོང་རྡལ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ད་ལོར་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་ཅན་དུ་བསྒྱུར་ཚད50%བརྩོན་ལེན་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-02 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2014ལོར་གྲོང་རྡལ་འཛུགས་སྐྲུན་གྱི་སྤྱིའི་སྒྲིག་གཞི་རྨང་གཞི་སྟེང་། མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་རྡལ་གྱི་ཁྱབ་ཚུལ་ལེགས་བཅོས་བྱས་ཏེ། གསར་དར་གྲོང་རྡལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཧུར་བརྩོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་ཅན་དུ་བསྒྱུར་ཚད50%ལ་བརྩོན་ལེན་བྱས་ནས་དེ2013ལོ་དང་བསྡུར་ན་བརྒྱ་ཆའི་ཆ1.5གོང་དུ་འཕར་ཡོད།

ཚོགས་འདུ་ལས་2014ལོར་མཚོ་སྔོན་གྱིས་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་ཁྱབ་ཚད་ཇེ་མཐོར་བཏང་ནས་ལོ་ཧྲིལ་བོརི་སྤྱི་ལེ་གྲུ་བཞི་མ30ཡི་གྲོང་རྡལ་འཛུགས་སྐྲུན་གྱི་འཆར་འགོད་ཞིབ་ཕྲའི་ངང་སྒྲིག་བཟོ་བྱས་པ་ནན་གྱིས་བསྟན། ས་ཁུལ་སོ་སོས་རྫོང་ཁོངས་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་གྱི་འཆར་འགོད་མ་ལག་ལེགས་འགྲུབ་བྱེད་པ་དང་སྲོལ་རྒྱུན་སྡེ་བ་སྲུང་སྐྱོང་འཕེལ་རྒྱས་འཆར་འགོད་དང་སྡེ་བའི་རྣམ་པ་ཇུས་འགོད་བྱེད་པའི་དཔྱད་འཇོག་བྱ་བར་ལྟ་སྐུལ་བྱས། མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁྱད་ལྡན་གྲོང་རྡལ80འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

རྒྱུས་ལོན་པ་ལྟར་ན། ༢༠༡༣ལོར་མཚོ་སྔོན་གྱི་གྲོང་རྡལ་ཅན་དུ་བསྒྱུར་ཚད48.5%ལ་སླེབས་པ་དང་དེ་ལོ་སྔོན་མ་ལས་བརྒྱ་ཆའི་ཆ1.06འཕར། ད་ལྟ་ཞིང་ཆེན་ཡོངས་སུ་གྲོང་རྡལ140ལ་སླེབས་པ་དང་དེའི་ནང་གྲོང་ཁྱེར5བཙུགས་ཡོད། ཟི་ལིང་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་བཅོས་སྒྲིག་བྱས་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་ཕུལ་བ་དང་། ན་གོར་མོ་སོགས་གྲོང་རྡལ10ཡི་སྤྱིའི་འཆར་འགོད་བཅོས་སྒྲིག་དང་སྤྱི་ལེ་གྲུ་བཞི་མ30ཡི་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད། རྫོང39ཡི་རྫོང་ཁོངས་སྡེ་གྲོང་མ་ལག་འཆར་འགོད་དང་སྐོར་གཉིས་པའི་སྡེ་བ815ཡི་སྡེ་བའི་རྣམ་པ་འཆར་འགོད་ལག་བསྟར་བྱས་ཏེ་གསར་དར་ཞིང་སྡེ20ཡི་གཞིས་ཁུལ་འཆར་འགོད་ཚང་མར་ཆོག་མཆན་ཐོབ་ཡོད་ལ། དེའི་ནང་ཚོད་ལྟའི་གཞིས་ཁུལ18ད་ལྟ་འཛུགས་སྐྲུན་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག