མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་ཟི་ལིང་དུ་ལས་གནས་བརྟན་སྲུང་བྱེད་པའི་སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་དཔོན་དམག་རྣམས་ལ་ལོ་སར་གྱི་འཚམས་འདྲི་ཞུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-01 13:36

    ཀྲུང་གོའི་བོད་ཀྱི་དྲ་བིའ་འཕྲིན། ཟླ་དང་པོའི་ཚེས་སུམ་ཅུ་དང་ཚེས་སོ་གཅིག་ཉིན་གཉིས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཟི་ལིང་གྲོང་ཁྱེར་དུ་ལས་གནས་བརྟན་སྲུང་བྱེད་པའི་སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་དཔོན་དམག་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།

    ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ཀྲང་ཀོང་རོང་ཟི་ལིང་གྲོང་ཁྱེར་གྱི་བཞི་མདོ་ཆེན་མོའི་ལས་རེས་བྱེད་ས་དང་ཧོང་ཀོང་བཞི་མདོའི་ལས་རེས་བྱེད་སར་སོང་ནས་དེ་ན་ལས་རེས་བྱེད་བཞིན་པའི་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་འགྲིམ་འགྲུལ་ཉེན་རྟོག་པར་འཚམས་འདྲི་ཞུས། ཀྲང་ཀོང་རོང་གིས་ཁྱིམ་མི་ལྷན་འཛོམས་ཀྱི་དུས་བཟང་འདིར་ཁྱེད་ཚོས་སྔར་བཞིན་དུ་ལས་གནས་བརྟན་སྲུང་བྱས་པར་བཀའ་དྲིན་ཆེ། ངས་ཁྱེད་ཚོའི་ཁྱིམ་མི་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ཞེས་བཤད།

    ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཞོགས་པར་ཀྲང་ཀོང་རོང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་ཡི་མུའུ་སི་ལིན་སྲང་ལམ་གྱི་མངག་གཏོང་ཁང་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་སྤྱི་བདེ་མེ་གསོད་རུ་ཆེན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་སོགས་ལ་སོང་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་དཔོན་དམག ཉེན་རྟོག་པའི་ལས་རོགས་པ། དེ་མིན་ཁོ་ཚོའི་ཁྱིམ་མི་བཅས་ལ་ལོ་སར་གྱི་འཚམས་འདྲི་ཞུས། ཀྲང་ཀོང་རོང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པ། མེ་གསོད་དཔོན་དམག་བཅས་ཀྱིས་ཏང་དང་མི་དམངས་ལ་འགན་འཁུར་བའི་བསམ་པ་དྲག་པོ་བཅངས་ཏེ། ལོ་སར་སྐབས་ཀྱི་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན། སྤྲོ་སྐྱིད་བཅས་ཀྱི་ལོ་ཞིག་སར་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག