མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུའུ་ཉིན་མཚོ་སྔོན་ཞིང་ཆེན་སྒོ་ཟོག་རྒྱུད་རྫོགས་ལྟེ་གནས་ལ་སོང་ནས་ལས་གནས་བརྟན་སྲུང་བྱེད་པའི་ལས་བཟོ་བ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་ལ་ལོ་སར་གྱི་འཚམས་འདྲི་ཞུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-01 13:36

    ཀྲུང་གོའི་བོད་ཀྱི་དྲ་བིའ་འཕྲིན། ཟླ་1ཚེས31ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་མཚོ་སྔོན་ཞིང་ཆེན་སྒོ་ཟོག་རྒྱུད་རྫོགས་ལྟེ་གནས་ལ་སོང་ནས་དུས་ཆེན་གྱི་སྐབས་སུ་སྔར་བཞིན་དུ་ལས་གནས་བརྟན་སྲུང་བྱེད་པའི་ལས་བཟོ་བ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་ལ་ལོ་སར་གྱི་འཚམས་འདྲི་ཞུས།

    སྒོ་ཟོག་རྒྱུད་རྫོགས་ལྟེ་གནས་སུ་སུའུ་ཉིན་གྱིས་ལས་བཟོ་བ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་རེ་རེ་ལ་ལག་འཇུ་བྱེད་ཞོར་དུ་བརྩེ་བའི་ཁ་བརྡ་བྱས། མོས་བཤད་རྒྱུར། ལོ་གསར་བའི་ཉིན་དང་པོ་ནི་ཁྱིམ་མི་ལྷན་འཛོམས་ཀྱི་ཉིན་མོ་ཡིན་ནའང་ཁྱེད་ཚོས་རྒྱུན་ལྡན་གྱི་བྱ་བའི་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱེད་ཆེད་ངལ་གསོའི་དུས་ཚོད་ལ་བྱ་བ་སྒྲུབ་པ་དང་། མཚོ་སྔོན་གྱི་ཕྱུགས་ལས་འཕེལ་རྒྱས་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད་པས། བདག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་ཁྱེད་ཚོ་དང་ཁྱེད་ཚོའི་ཁྱིམ་མི་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག