མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ལོ་སར་ཚེས་གཅིག་ཉིན་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པར་འཚམས་འདྲི་ཞུས་ཏེ་ལོ་སར་གྱི་སྨོན་འདུན་ཞུས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-02-01 11:58

   ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས31ཉིན་ཏེ་ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཆེད་དུ་ཟི་ལིང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དུ་ཕེབས་ཏེ། དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ལས་བྱེད་མི་སྣར་འཚམས་འདྲི་ཞུས་པ་མ་ཟད། ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་འཁུར་གནང་བ་དང་དྲོད་ཁོལ་བསྐྱལ།

ཟི་ལིང་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ནི་ས་དེའི་སྲིད་གཞུང་གིས་གསར་དུ་བཙུགས་པའི་གསོ་སྐྱོང་དང་། སྨན་བཅོས། སླར་གསོ། སློབ་གསོ། བདེ་བཀོད་བཅས་གཅིག་གྱུར་དུ་ཡོད་པའི་ཕན་བདེ་ལས་ཁུངས་ཡིན་ལ། མིག་སྔར་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ150ལྷག་བསྡད་ཡོད། ཧའོ་ཕིན་བྱིས་པའི་ཕན་བདེ་ཁང་གི་འཚོ་སྡོད་ཁང་དུ་བསྐྱོད་དེ། སེམས་འཁུར་བྱེད་བཞིན་བྱིས་པ་རྣམས་ཀྱི་འཚོ་བ་དང་། སློབ་སྦྱོང་། སླར་གསོ་སྨན་བཅོས་སྐོར་གྱི་གནས་ཚུལ་དྲིས། དེ་རྗེས་ཧའོ་ཕིན་ཀླད་པར་སྐྱོན་ཡོད་པའི་བྱིས་པའི་སྦྱོང་བརྡར་ཁང་དུ་ཕེབས་ཏེ། སླར་གསོ་སྦྱོང་བརྡར་བྱེད་བཞིན་ཡོད་པའི་བྱིས་པར་འཚམས་འདྲི་ཞུས་པ་དང་། དགེ་རྒན་རྣམས་ལ་བྱིས་པའི་སླར་གསོ་སྦྱོང་བརྡར་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁོང་གིས་བྱིས་པ་འདི་དག་དུས་དང་རྣམ་པ་ཀུན་དུ་ཕན་བདེ་ཁང་གི་བདག་སྐྱོང་ཞིབ་མོ་བྱེད་བཞིན་ཡོད་ལ། ལྷག་པར་དུ་ཀླད་པའི་སྐྱོན་ཚབས་ཆུང་བའི་བྱིས་པ་རྣམས་སྦྱོང་བརྡར་རབ་དང་རིམ་པ་བྱས་པ་བརྒྱུད། རང་ནུས་ལ་བརྟེན་ནས་འཚོ་གནས་བྱེད་ཐུབ་པའི་གནས་ཚུལ་གོ་རྗེས་དགའ་སྤྲོ་ཆེན་པོ་སྐྱེས།

ཧའོ་ཕིན་གྱིས་བཤད་རྒྱུར། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པར་སྤྱི་ཚོགས་ཀྱིས་དོ་ཁུར་དང་གཅེས་སྐྱོང་བྱེད་དགོས་ཏེ། ཏང་དང་སྲིད་གཞུང་གིས་བྱིས་པ་འདི་དག་འཚར་ལོངས་བྱུང་བར་ཆ་རྐྱེན་བཟང་བོ་དང་ཁོར་ཡུག་ལེགས་པོ་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད་དེ། ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཕན་བདེ་བྱ་བ་སྔར་ལས་ཇེ་ལེགས་སུ་སྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག