མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གི་དམིགས་འབེན་ལས་འགན་སོ་སོ་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-02-01 11:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་དམངས་འཚོ་གཞི་རྩར་བཟུང་སྟེ། དོན་དངོས་དང་བསྟུན་ནས། དཀའ་ཁག་ཆེད་དུ་སེལ་པ་དང་། འབད་བརྩོན་ཆེན་པོའི་འོག དམིགས་འབེན་ལས་འགན་སོ་སོ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། བྱ་བ་གཙོ་བོ་དང་དམིགས་ཚད་གཙོ་བོར་གྲུབ་འབྲས་གསར་བ་བླངས།

ལོ་ཧྲིལ་བོར། ལས་ཞུགས་མི་སྣ་ཁྲི6ཇེ་མང་དུ་སོང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི115སྒྱུར་སྤོ་བྱས། གྲོང་རྡལ་གྱི་ལས་ཤོར་མི་སྣ3.3%ཐོ་འགོད་བྱས་པ་དང་། མཐོ་སློབ་གྱི་མཐར་ཕྱིན་སློབ་མ་ལས་ལ་ཞུགས་ཚད88%ལ་སླེབས་པས། གྲངས་ཚད་ལས་བརྒལ་ཏེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་།

ཞིང་ཆེན་ཡོངས་ཀྱི་ས་ཞིང་གཞུང་ལ་སྤྲད་པའི་ཞིང་བར་སྤྱི་ཚོགས་རྒན་གསོའི་ཉེན་བཅོལ་ལམ་ལུགས་བཙུགས་པ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་།

བོད་ཁུལ་དང་གཞི་རིམ་ལ་དམིགས་ཏེ། དམངས་ཕན་སྲིད་ཇུས་རྣམ་གྲངས16གཏན་ལ་ཕབ་པ་དང་། སྤྱི་ཞབས་པ་དང་གཞུང་དོན་སྡེ་ཁག་གི་ལས་བྱེད་མི་སྣར་རྒྱུགས་སྤྲོད་པ་དང་མི་སྣ་བསྡུ་ལེན་བྱེད་སྐབས་དོན་དངོས་ཀྱི་དགོས་མཁོ་དང་བསྟུན་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག