མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གནམ་གང་གི་དགོང་མོར་ལོ་ཧོས་ཉིན་གྱིས་གཞི་རིམ་གྱི་དྲག་ཆས་ཉེན་རྟོག་དཔོན་དམག་ལ་ལོ་སར་གྱི་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:26

    གནམ་གང་གི་དགོང་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དྲག་ཆས་ཉེན་རྟོག་ཟི་ལིང་ཡན་ལག་རུ་ཁག་གི་རུ་འབྲིང་བཅུ་བཞི་བར་སོང་ནས། ལོ་སར་གྱི་སྐབས་སུ་ལས་གནས་བརྟན་སྲུང་བྱེད་བཞིན་པའི་གཞི་རིམ་གྱི་དྲག་ཆས་ཉེན་རྟོག་དཔོན་དམག་དང་མཉམ་དུ་ལོ་སར་བར་མ་ཟད། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག་ལ་ལྷག་བསམ་རྣམ་དག་གིས་ལོ་སར་གྱི་འཚམས་འདྲི་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན་འཚམས་འདྲི་ལ་ཞུགས།

    རུ་འབྲིང་དེའི་བཅུ་ཤོག་དང་པོ་ནས། ལོ་ཧོས་ཉིན་གྱིས་གསར་དུ་དམག་དཔུང་དུ་ཞུགས་པའི་འཐབ་མོ་བ་བརྒྱད་ལ་བརྩེ་བའི་བཞུགས་མོལ་བྱས་ཏེ། ཁོ་ཚོའི་སློབ་སྦྱོང་དང་ལས་རེས། འཚོ་བ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པ་དང་། འཐབ་མོ་བ་ཚོས་ལོ་ཧོས་ཉིན་ལ་རང་ཉིད་དམག་དཔུང་དུ་ཞུགས་པའི་མྱོང་ཚོར་ཡར་ཞུ་བྱས། ལོ་ཧོས་ཉིན་གྱིས་ཁོ་ཚོར་ཁྱེད་ཚོ་ཁྱིམ་མི་དང་བྲལ་ནས་ཐེངས་དང་པོར་དམག་དཔུང་དུ་ལོ་སར་བ་ཡིན་པས། ངེས་པར་དུ་ཁྱིམ་ལ་ཁ་པར་བཏང་ནས་ཁྱིམ་མིའི་སེམས་བདེ་རུ་འཇུག་དགོས་ཞེས་བཤད། ཁོས་འཐབ་མོ་བ་གསར་བ་དག་བསམ་བློ་འཚོ་བའི་འགག་སྒོ་དང་དམག་དོན་སྦྱོང་བརྡར་གྱི་འགག་སྒོ། ཀུན་སྤྱོད་སྒྲིག་ཁྲིམས་ཀྱི་འགག་སྒོ་བཅས་བརྒལ་ནས། སྔ་མོ་ནས་ཚད་ལྡན་གྱི་དྲག་ཆས་ཉེན་རྟོག་འཐབ་མོ་བ་ཞིག་ཏུ་འགྱུར་དགོས་པའི་སྐུལ་མ་བཏང་།

    དེའི་རྗེས་སུ། ལོ་ཧོས་ཉིན་རུ་འབྲིང་གི་ཟ་ཁང་དུ་སོང་ནས། དགའ་སྤྲོ་ཆེན་པོས་འཐབ་མོ་བ་རྣམས་དང་མཉམ་དུ་པན་ཤི་བཏུམས་པ་དང་། དམག་མི་རྣམས་ལ་ཁ་བརྡ་བྱས་ཏེ་ལོ་སར་སྐབས་ཀྱི་ཟ་མ་དང་རིགས་རྩལ་བྱ་འགུལ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཅང་མ་འགོར་བར་ལོ་ཧོས་ཉིན་གྱིས་འཐབ་མོ་རྣམས་དང་མཉམ་གནམ་གང་གི་ཆོ་ག་འཐུང་བ་མ་ཟད། དཔོན་དམག་ཚོ་རང་ཉིད་ཀྱིས་སྒྲིག་ཁྲིད་དང་འཁྲབ་སྟོན་བྱས་པའི་རིག་རྩལ་ལ་བལྟས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག