མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་དང་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:23

    མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཚེས་ཉེར་དགུ་ཉིན་ཆེད་དུ་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རིག་གནས་གསར་འགྱུར་དཔེ་སྐྲུན་བྱ་བ་དང་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་བླངས་ནས། སྤྱི་པའི་རིག་གནས་ཀྱི་ཞབས་ཕྱིའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

    མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་དུ་ཐོན་རྗེས། ཧའོ་ཕིན་གྱིས་སྤྲོ་སྣང་ཆེན་པོས་ཁོ་ཚོས་པར་དུ་བསྐྲུན་པའི་དཔེ་དེབ་རྩ་ཆེན་བཀླགས་པ་དང་། དཔེ་སྐྲུན་ཁང་གི་དོ་དམ་འཁོར་སྤྱོད་དང་། ཁ་ཡིག་ཇུས་འགོད། དཔེ་སྐྲུན་པར་སྐྲུན་འགྲེམ་སྤེལ་སོགས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁོས་མི་རིགས་དཔེ་སྐྲུན་ཁང་གིས་ཁེར་རྐྱང་གིས་འཁོར་སྤྱོད་དང་མི་དམངས་དཔེ་སྐྲུན་ཁང་ཁེ་ལས་སུ་བསྒྱུར་བའི་ལམ་ལུགས་རྗེས་སུ་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

    ཁོས་བསྟན་དོན། དཔེ་སྐྲུན་ལས་དོན་གྱིས་དར་རྒྱས་ཕུན་ཚོགས་སུ་བཏང་ནས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཅོས་སྒྱུར་གྱི་ལམ་དུ་བསྐྱོད་དེ། ཐོག་མཐའ་བར་གསུམ་དུ་གསར་སྐྲུན་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱུ་སྤུས་ཇེ་མཐོར་བཏང་ནས། དཔེ་ཆའི་ནང་དོན་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་བའི་རེ་བ་བཏོན།

    དེའི་འཕྲོར། ཧའོ་ཕིན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བྱ་བར་རྟོག་ཞིབ་བྱས། རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལེ་ཚན་གཏོང་བའི་ལྟེ་གནས་དང་། གསར་འགྱུར་ལྟེ་གནས་སྒྲ་ལེན་ཁང་བ། བོད་སྐད་ལྟེ་གནས་སྒྲ་ལེན་ཁང་སོགས་སྡེ་ཁག་ཏུ་སོང་ནས། གསར་འགོད་པ་དང་རྩོམ་སྒྲིག་པ་དང་རྣམས་དང་བྱམས་བརྩེ་ངང་ཁ་བརྡ་བྱས་པ་དང་། འཐབ་ཕྱོགས་དང་པོར་བཅར་འདྲི་བྱེད་བཞིན་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་བྱ་བ་དང་འཚོ་བའིི་གནས་ཚུལ་ལ་ཞིབ་འདྲི་བྱས་པ་མ་ཟད། བོད་སྐད་འཕྲིན་ལམ་གྱིས་ཀྲུང་དབྱང་བརྙན་ཁང་གི་གསར་འགྱུར་མཉམ་སྒྲོག་ལེ་ཚན་བསྒྱུར་ཏེ་ཉིན་དེར་གཏོང་བའི་བྱ་བར་ཁས་ལེན་གང་ལེགས་བྱས། ཧའོ་ཕིན་གྱིས་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མུ་མཐུད་དུ་བྱ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ནས། ལྟ་མཁན་མང་བོ་ཇེ་མང་དུ་བཏང་ནས། སྤྱི་ཚོགས་ཀྱི་ཤན་ཤུགས་ཇེ་མང་དུ་གཏོང་དགོས། རྒྱང་སྒྲོག་ཆ་འཕྲིན་དྲ་རྒྱའི་ཀུང་ཟིར་སོང་ནས། རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བདེ་འཇགས་ངང་བརྒྱུད་གཏོང་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་མཚོ་སྔོན་གྱི་བོད་ཁུལ་དུ་ཁྱབ་ཚད་ཇེ་མཐོར་གཏོང་དགོས་པ་དང་། བྱེད་སྒོི་གཙོ་བོ་ཡར་སྐུལ་བྱེད་པ་དེ་དྲ་རྒྱའི་གྲངས་ཀའི་བྱེད་སྒོར་རུ་བསྒྱུར་ཏེ། ཞིང་ཆེན་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་བཀོལ་བའི་ཁྱིམ་ཚང་ལ་བདེ་འཇགས་དང་ཞབས་ཕྱི་བཟང་བོ་བསྒྲུབ་དགོས་པའི་རེ་བ་བཏོན།

    ཀྲང་ཅན་མེན་རྟོག་ཞིབ་དུ་ཞུགས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག