མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོར་མཚོ་སྔོན་གྱི་ཚོང་རྫས་ཕྱིར་གཏོང་ནང་འདྲེན་གྱི་རིན་གོང་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལ་བསླེབས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:22

    ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན།2013 ལོར། མཚོ་སྔོན་ཞིང་ཆེན་གྱི་ཚོང་རྫས་ཕྱིར་གཏོང་ནང་འདྲེན་གྱི་རིན་གོང་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལ་བསླེབས་ནས། ལོ་སྔོན་མ་ལས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བདུན་འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་གཅིག་གིས་མཐོ། དེའི་ནང་དུ་ནང་འདྲེན་གྱི་རིན་གོང་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་ལྔ་བྱེ་བ་ལྔ་ཡིན་པ་དང་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་ལྔ་འཕར། ཕྱིར་གཏོང་གི་རིན་གོང་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ཡིན་པ་དང་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་གསུམ་འཕར། ཉོ་ཚོང་གི་ཕྱིར་གཏོང་མང་བ་དང་ནང་འདྲེན་ཉུང་བའི་ཧེ་བག་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་གསུམ་མངོན་འགྱུར་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག