མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ལས་བྱེད་པའི་སློབ་གྲྭ་དེ་རྒྱལ་ཡོངས་ཀྱི་ལས་བཟོ་བའི་སློབ་གསོ་གསོ་སྦྱོང་གི་ཕུལ་བྱུང་དཔེ་སྟོན་ལས་ཁུངས་སུ་བདམས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:22

    གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱིས་ཉེ་ལམ་བཀྲམས་པའི་འབྲེལ་ཡོད་བརྡ་ཐོའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ལས་བྱེད་པའི་སློབ་གྲྭ་དེ་རྒྱལ་ཡོངས་ཀྱི་ལས་བཟོ་བའི་སློབ་གསོ་གསོ་སྦྱོང་གི་ཕུལ་བྱུང་དཔེ་སྟོན་ལས་ཁུངས་སུ་བདམས་པས། དེ་རྒྱལ་ཡོངས་ཀྱི་སློབ་གསོ་གསོ་སྦྱོང་ལས་ཁུངས་བརྒྱའི་ཁྲོད་ཀྱི་གཅིག་ཏུ་གྱུར།

    ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཡོངས་ཀྱི་ལས་བཟོ་བའི་བྱང་ཚད་ཇེ་མཐོར་གཏོང་བའི་ལོ་ལྔའི་འཆར་གཞི་དང་ཁེ་ལས་དང་ལས་བཟོ་བའི་གསོ་སྦྱོང་བྱ་བའི་དགོས་མཁོ་ལྟར། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དངོས་འབེབས་བཟང་བོ་བྱས། སྣ་མང་ཕུན་སུམ་ཚོགས་པའི་བྱེད་ཐབས་སོགས་སྤྱད་པས་གསོ་སྦྱོང་བྱ་བའི་དངོས་ཕན་རང་བཞིན་ཇེ་མཐོར་སོང་། ཕྱོགས་གཅིག་ནས་གསོ་སྦྱོང་བྱེད་པའི་འཛིན་གྲྭ་དེ་སློབ་གྲྭས་གསོ་སྦྱོང་བྱེད་པའི་འཛིན་གྲྭ་གཙོ་བོ་རུ་བཞག་ནས་གསོ་སྦྱོང་བྱེད་པའི་འཆར་གཞི་བཀོད་པ་དང་། གསོ་སྦྱོང་བྱེད་པའི་ནང་དོན་ཚད་ལྡན་དུ་བཏང་། ཕྱོགས་གཞན་ཞིག་ནས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་གཞི་རིམ་བཟོ་ཚོགས་དང་མཉམ་དུ་འཛིན་གཙོ་དང་ཚན་གཙོ་ཡི་གསོ་སྦྱོང་བྱ་བ་བསྒྲུབས། ཉེ་བའི་ལོ་གསུམ་གྱི་རིང་ལ། ཁེ་ལས་ཀྱི་འཛིན་གཙོ་དང་ཚན་གཙོ་མི་ཐེངས་སྟོང་ལྔ་ལྷག་ལ་གསོ་སྦྱོང་བྱས་ནས་འཛིན་གཙོ་དང་ཚན་གཙོ་ཡི་བྱང་ཚད་ཇེ་མཐོར་བཏང་ནས་ལས་བཟོ་བའི་བྱང་ཚད་ཀྱི་ནུས་པ་ཇེ་མཐོར་གཏོང་བར་སྣེ་ཁྲིད་བྱས་ཏེ་བློ་གྲོས་ལྡན་པ་དང་ལག་རྩལ་ཡོད་པ། གསར་གཏོད་བྱེད་ཐུབ་པ། གསར་སྐྲུན་བྱེད་ཤེས་པའི་ལག་རྩལ་གྱི་བཟོ་བའི་དཔུང་སྡེ་འཛུགས་པར་ཧུར་ཐག་གིས་བྱས་རྗེས་བཞག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག