ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་སླེབས་ལ་ཉེ་དུས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆེད་དམིགས་བྱ་འགུལ་སྤེལ་བ་དང་། རིག་གནས་ཚོང་ར་གཙང་སེལ་བྱས་ཤིང་། རིག་གནས་ཚོང་ར་རྒྱུན་ལྡན་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས།
ཟླ1པོའི་ཚེས16ཉིན་ནས་བཟུང་། མཚོ་ལྷོ་ཁུལ་རིག་གནས་ཚོང་ར་དོ་དམ་མགོ་ཁྲིད་ཚན་ཆུང་གིས་ཁུལ་ཡོངས་ཀྱི་རྫོང5ཡི་རིག་གནས་པར་སྐྲུན་ཚོང་རའི་ཆེད་དམིགས་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད། རྫོང་སོ་སོའི་རིག་གནས་དང་སྤྱི་བདེ། བཟོ་ཚོང་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་འདོད་གཡེམ་པར་སྐྲུན་དངོས་པོ་སོགས་ཞིབ་བཤེར་དང་རྩིས་ལེན་གཞུང་བཞེས་བཏང་བ་མ་ཟད། བྱིས་པ་དྲ་འཇུག་བྱེད་དུ་བཅུག་པའི་དྲ་ཁང་སྒོ་རྒྱག་ཏུ་བཅུག །