མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོར་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ན་གཞོན500ཀྲུང་དབྱང་གི་ཁེ་ལས་དང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཁེ་ལས་སུ་སོང་ནས་བྱ་བ་བསྒྲུབས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-30 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར། མཚོ་སྔོན་ཞིང་ཆེན་གྱིས་བོད་ཁུལ་ལ་ཁ་ཕྱོགས་ནས་བྱ་བ་སྒྲུབ་མཁན་བསྡུ་བ་དེ་བརྟན་འཇགས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དེར་ཧ་ཅང་མཐོང་ཆེན་དང་། རྩ་འཛུགས་དང་བཀོད་སྒྲིག་ཞིབ་མོ་བྱས་ལ། ལོ་ཧྲིལ་པོར་བོད་ཁུལ་གྱི་ན་གཞོན500ཡིས་ཀྲུང་དབྱང་གི་ཁེ་ལས་དང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཁེ་ལས་སུ་བྱ་བ་བསྒྲུབས།

2013ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་དུ་བྱ་བར་ཞུགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་སློབ་མ་འབྲུག་སྐྱིད་མཚོ་ཡིས་བྱ་བ་བསྒྲུབས་ཏེ་བསགས་པའི་སྒོར་མོ་སྟོང་ལྔས་སློབ་གྲྭ་ཆེན་མོ་འགྲིམ་སྐབས་བསྐྱིས་པའི་སློབ་རོགས་དངུལ་བུན་ཕྱིར་སྤྲད་པ་མ་ཟད། དཀའ་ཁག་ཆེ་བའི་ཁྱིམ་ལ་སྒོར་སྟོང་ལྔས་རོགས་སྐྱོར་བྱས། ཡུན་རིང་པོར་ནད་ཀྱིས་མནར་བའི་ཁོ་མོའི་ཨ་མས་དགའ་སྤྲོའི་ངང་ད་ལྟའི་སྐྱིད་འདི་ནི་བོད་ཁུལ་ལ་ཁ་ཕྱོགས་ནས་བྱ་བ་སྒྲུབ་མཁན་བསྡུས་པ་ལས་བྱུང་བ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་བརྟན་འཇགས་སྲུང་སྐྱོབ་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱེད་ཆེད། 2013ལོར་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་པ་དང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བྱེ་བྲག་གི་འགན་ཁུར་ཏེ། ཡང་དང་བསྐྱར་དུ་ཞིབ་འཇུག་དང་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱིས་བོད་ཁུལ་ལ་ཁ་ཕྱོགས་ཏེ་བྱ་བ་སྒྲུབ་མཁན་བསྡུ་བའི་བྱ་བའི་ཇུས་གཞི་གཏན་ཁེལ་བྱས། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ན་གཞོན་ཚོའི་ལས་ཞུགས་བྱ་བའི་དོན་དངོས་ལ་དམིགས་ཏེ། བྱ་བ་སྒྲུབ་མཁན་བསྡུ་ཡུལ་དེ་ཁྱིམ་ཐོ་ཁུལ་དྲུག་ན་ཡོད་པ་དང་ལོ་སོ་ལྔའི་མན་གྱི་འབྲིང་རིམ་ཆེད་སྦྱོང་ཡན་གྱི་ཡོན་ཚད་ཡོད་པའི་མཐར་ཕྱིན་སློབ་མ་ཡིན་ལ། ཆ་རྐྱེན་འདྲ་བའི་གནས་ཚུལ་འོག་བོད་ཁུལ་གྱི་ཁྱིམ་ཚང་དུ་ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་ཁྱིམ་ཚང་། སྐྱེ་ཁམས་གནས་སྤོར་ཁྱིམ་ཚང་། ས་ཞིང་ཤོར་བའི་ཞིང་པ་ཁྱིམ་ཚང་། ཞིང་ཕྱུགས་རྐྱང་རྐྱང་གཉེར་བའི་ཁྱིམ་ཚང་། མ་མཐའི་འཚོ་བར་འགན་སྲུང་བྱེད་ཡུལ་གྱི་ཁྱིམ་ཚང་བཅས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དབང་བོ་སྐྱོན་ཅན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་དམིགས་བསལ་གྱི་བསམ་བློ་གཏོང་རྒྱུའི་ཐག་བཅད་པ་མ་ཟད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཁེ་ལས་ལ་ཡང་དང་བསྐྱར་དུ་མཐུན་སྦྱོར་དང་འབྲེལ་འདྲིས་བྱས་པའི་རྨང་གཞིའི་སྟེང་། བྱ་བ་སྒྲུབ་མཁན་བསྡུ་བའི་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག