མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱས་ཏེ་འབྲས་དང་ཕྱེ་སྤྱི་རྒྱ་ཁྲི700ལྷག་བྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-29 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནོད་ཐེབས་ས་ཁུལ་དང་ཤང་གྲོང་དཀའ་ངལ་མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པའི་ངང་དགུན་བསྐྱལ་བར་ཁག་ཐེག་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བྱ་བའི་ཚན་ཆུང་མངགས་ཏེ་གནོད་སྐྱོན་ཚབས་ཆེ་བའི་ཁྱིམ་ཚང29ལ་འཚམ་འདྲི་བྱས་པ་མ་ཟད། གནོད་ཐེབས་མང་ཚོགས་ཀྱི་དགུན་དཔྱིད་འཚོ་བའི་བཀོད་སྒྲིག་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོའི་རྒུད་སྐྱོབ་ཁ་གསབ་མ་དངུལ་རིམ་བཞིན་ས་ཁུལ་སོ་སོར་འབྱོར་བ་དང་། དགུན་དཔྱིད་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོར་བྱེད་ཐབས་སྔ་རྗེས་སུ་གཏན་འཁེལ་བྱས་པ་མ་ཟད། “བྱང་བུ་གཅིག”གི་རྣམ་པས་ལོ་སར་སྔོན་ལ་དུས་ལྟར་མང་ཚོགས་ཀྱི་ལག་ཏུ་རྩིས་སྤྲོད་བྱེད་རྒྱུ་རེད། རྒུད་སྐྱོབ་ཟ་མ་དུས་ལྟར་བྱིན་པ་དང་། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་གྱིས་བཀོད་སྒྲིག་བྱས་པའི་ཕྱེ་སྤྱི་རྒྱ་ཁྲི524དང་འབྲས་སྤྱི་རྒྱ་ཁྲི227གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་བྱིན་ལ། དུས་མཚུངས་སུ་ས་ཁུལ་སོ་སོས་རང་གིས་ཉོ་སྒྲུབ་བྱས་པའི་རྒུད་སྐྱོབ་ཕྱེ་དག་དམིགས་བསལ་དཀའ་ངལ་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་བྱིན་ཏེ་གནོད་ཐེབས་མང་ཚོགས་ཀྱི་དཀའ་ངལ་སེལ། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག