མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས་ཡུས་ཧྲུའུ་དུ“ལོ་སར་གཞི་རིམ་དུ་བསྐྱོད་དེ་མཚོ་སྔོན་འོད་གསལ”ཞེས་པའི་བྱ་འགུལ་སྤེལ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-29 10:23

    

ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་ཡོན་ཀྲང་ཀྲིན་ཅིན་ཁྲིན་གྱིས་བོད་རིགས་ཀྱི་ལིང་ཏོག་ནད་པར་བཤག་བཅོས་བྱས་རྗེས་སུ་གསོ་བཅོས་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས28ཉིན། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་སྨན་བཅོས་རུ་ཁག་གི་ཆེད་མཁས་པའི་མཚོ་སྔོན་མཐའ་ཁུལ་དཀའ་ངལ་ས་ཁུལ་གྱི་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་མཇུག་བསྒྲིལ་ཏེ་པེ་ཅིན་དུ་ཕྱིར་ལོག ཟླ1པོའི་ཚེས16ཉིན་ནས་ཚེས28ཉིན་བར། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས་ཡོན་ཀྲང་ཀྲིན་ཅིན་ཁྲིན་གཙོ་བྱས་པའི་ཆེད་མཁས་པ་དང་རྐང་འཛིན་སྨན་པ་སྐོར་ཞིག་གིས་གྲུབ་པའི་སྨན་བཅོས་རུ་ཁག་མངགས་ཏེ། མཚོ་སྔོན་ཡུས་ཧྲུའུ་མཐའ་ཁུལ་གྱི་དཀའ་ངལ་ས་ཁུལ་དུ་ཕྱིན་ནས“ལོ་སར་གཞི་རིམ་དུ་བསྐྱོད་པའི་མཚོ་སྔོན་འོད་གསལ”བྱ་འགུལ་སྤེལ། དེའི་སྐབས་སུ་སྨན་བཅོས་རུ་ཁག་མཚོ་ངོས་ལས་མཐོ་ཚད་མུས4300ཡོད་པའི་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་དུ་ཕྱིན་ནས་ས་གནས་སྡོད་དམངས་ཀྱི་ལིང་ཏོག་ནད་པ115ལ་ནད་བརྟག་བྱས། སྨན་བཅོས་རུ་ཁག་གིས་ད་རུང་ས་གནས་སུ་འོས་འགན་བརྟག་བཅོས་བྱས་ཏེ་ནད་པ2000ལ་བརྟག་བཤེར་བྱས་པས། ས་གནས་སྲིད་གཞུང་དང་མང་ཚོགས་ཀྱི་དགའ་བསུ་ཐོབ།  །

ཟླ1པོའི་ཚེས24ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་སྨན་པས་ས་གནས་གཞི་རིམ་དམག་དཔོན་ལ་ནད་བརྟག་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག