མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས་ཚེས27ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས2013ལོའི་ནོར་སྲིད་བྱ་བ་སྤྱི་བསྡོམས་བྱས་པ་དང་། 2014ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཁྲིན་ལིས་ཧྭ་ཡིས2013ལོའི་ནོར་སྲིད་བྱ་བའི་གྲུབ་འབྲས་ཁས་བླངས་པའི་ཞོར་དུ། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ད་ལོའི་ནོར་སྲིད་བྱ་བའི་ཁྲོད་དུ་གནས་པའི་དཀའ་ཁག་དང་གནད་དོན་ལ་དམིགས་ནས། དཔལ་འབྱོར་གྱི་འཕེལ་སྟངས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། དཀའ་ཁག་དང་འགྲན་རྩོད་མང་པོར་ཁ་གཏད་མཇལ་ལ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱས་ཏེ། ནོར་སྲིད་ཡོང་སྒོ་བརྟན་འཇགས་ངང་འཕར་བར་ཁག་ཐེག་བྱས།

ཁྲིན་ལིས་ཧྭ་ཡིས་ནན་གྱིས་བསྟན་དོན། ད་ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཐབས་བརྒྱ་ཇུས་སྟོང་གིས་ནོར་སྲིད་ཀྱི་སྤྱིའི་གྲངས་ཀ་རྒྱ་བསྐྱེད་དེ། ཧུར་ཐག་གིས་ནོར་སྲིད་དངུལ་གཏོང་རྣམ་པ་གསར་སྐྲུན་བྱས་པ་དང་། མུ་མཐུད་དུ་ནོར་སྲིད་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ལ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག