མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཟི་ལིང་ས་ཁུལ་གྱི་ལས་བྱེད་པ་རྒན་པའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཚེས27ཉིན་གྱི་སྔ་དྲོར་རྣམ་རྒྱལ་མགྲོན་ཁང་ནས་ཟི་ལིང་ས་ཁུལ་གྱི་ལས་བྱེད་པ་རྒན་པའི་ལོ་སར་བསུ་བའི་ཇ་སྟོན་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཞུ་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་གྱིས་ཇ་སྟོན་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་སངས་རྒྱས་སྐྱབས་དང་། ལཱ་པེན་ལིས། ལིས་མེན་ཅིན། སུན་ཀྲའོ་རན། ཝང་ཨུན་ཁི། དགེ་བཟང་རྡོ་རྗེ། ཡའོ་ཞང་ཁྲིན། ཀྲང་ཡུས་ལིན། ཀྲའོ་ཡུང་ཀྲུང་། ཅ་གོ་མེན། མཱ་ཧྥུའུ་ཧེ། ཚེ་ཅུའུ་ལི། ཞུན་ཞིན་ཚེ། མཱ་ཅིན་ཞའོ། མཱ་ཡོན་པེའོ། ཝང་ཞའོ་ཡུས། རིན་ཀྲིན་ཡུས། ཡེའོ་ཧྲི་ཧྲུའུ། ལིག་ཀོང་ཀྲུང་། ཁྲིན་རོས་ཀྲིན། མཱ་ཡུག་ཀུང་། ཆན་དབྱིན་ཞེའོ་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཐུན་མོང་ཚོགས་པ་སོ་སོ། མཚོ་སྔོན་ཞིང་ཆེན་རྒྱལ་དབང་ཁེ་ལས་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་འཐུས་མི་གདན་དྲངས་པ་ལྟར་ཇ་སྟོནཚོགས་འདུར་ཞུགས།

ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲིན་ཀྲང་ཧའོ་ཕིན་བཅས་ཀྱི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་རྒྱ་ཆེའི་ལས་བྱེད་པ་རྒན་པ་རྣམས་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོས་བཤད་རྒྱུར། འདས་པའི་ལོ་གཅིག་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དམ་པོ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་དང་སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་དང་ཏང་གི་འཛུགས་སྐྲུན་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས། གྲུབ་འབྲས་གསར་བ་བླངས་པ་དེ་དག་བློ་མཐུན་རྒན་པ་རྣམས་ཀྱིས་ནམ་ཡིན་ཡང་རྨང་གཞི་བརྟན་པོ་བཏིངས་བ་དང་རྒྱབ་སྐྱོར་ཆེན་པོ་གནང་བ་དང་འབྲལ་ཐབས་མེད་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། རྒན་བཀུར་དང་རྒན་གསོ། ལོ་ལོན་ལ་རོགས་རམ་བྱེད་རྒྱུ་དེ་ནི། ཀྲུང་ཧྭ་མི་རིགས་ཀྱི་གོམས་སྲོལ་བཟང་བོ་ཡིན་ལ། ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཡང་རེད། ལོ་གསར་བའི་ནང་དུ་ང་ཚོས་སྔར་བཞིན་ལས་བྱེད་པ་རྒན་པར་མཐོང་ཆེན་བྱེད་པའི་བྱ་བར་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་ལས་བྱེད་པ་རྒན་པར་ཞབས་ཕྱི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་དང་སྤྱི་ཚོགས་ཡོངས་ཀྱིས་ལས་བྱེད་པ་རྒན་པ་དང་བློ་མཐུན་རྒན་པ་རྣམས་ལ་སེམས་ཁུར་བྱས་ནས། བློ་མཐུན་རྒན་པར་བརྩི་བཀུར་དང་གཅེས་སྐྱོང་། སློབ་སྦྱོང་བཅས་བྱེད་པའི་རྣམ་པ་ཞིག་ཆགས་སུ་འཇུག་དགོས་ཟེར།

ཝང་ཅན་ཅོན་གྱིས་ལས་བྲལ་དང་ལས་འཁྱུར་བྱས་པའི་ལས་བྱེད་པ་རྣམས་ཀྱིས་མུ་མཐུད་དུ་གོམས་སྲོལ་བཟང་བོ་དང་སྤྱོད་སྟངས་བཟང་བོ་དར་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས་པ་དང་། ང་ཚོའི་བྱ་བ་སྔར་ལས་བཟང་བོའི་སྒོ་ནས་སྒྲུབ་པར་རོགས་རམ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག