མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམག་སྲིད་ཀྱིས་ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམག་སྲིད་ཀྱིས་ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་ཚེས27ཉིན་ཟི་ལིང་ནས་ཚོགས།

ལོ་ཧོས་ཉིན་དང་། ཧའོ་ཕིན། རིན་ཆེན་རྒྱལ། ཝང་ཅན་ཅོན། ལོ་ཡུས་ལིན། ཀྲང་ཀོང་རོང་། ཝུའུ་ཡུས་ཏི། ལིས་སུང་ཧྲན། མུའུ་ཏུང་ཧྲིན། ལིག་ཀྲི་ཆང་། ཁོང་ཡུང་། དབྱང་ཞོང་ཨེ། ཞོ་དབྱང་ཀྲུང་། སོས་ཁྲང་དབྱིན་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

ཝང་ཅན་ཅོན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ལོ་ཡུས་ལིན་གྱིས་ཞུ་ཚིག་ཕུལ།

ལོ་ཡུས་ལིན་གྱིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས། ཞིང་ཆེན་སྔོན་གཤེགས་དཔའ་བོའི་ཁྱིམ་མི། གསར་བརྗེའི་རྨས་མ་དང་དབང་བོ་སྐྱོན་ཅན་གྱི་དམག་མི། དམག་ཁུངས་ནས་ལས་བྲལ་ངལ་གསོ་བྱས་པའི་དམག་མི་དང་། དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི། དམག་གྲབས་དམག་དཔུང་གི་དམག་མི་རྣམས་ལ་ལུགས་རྙིང་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་ལེགས་ཀྱི་མཚན་སྙན་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་བླ་ན་མེད་པའི་གུས་འདུད་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

ལོ་ཡུས་ལིན་གྱིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་དུ་སྡོད་པའི་དམངས་དཔུང་དང་དྲག་ཆས་ཉེན་རྟོག་པ་སོ་སོས་འགན་འཁྲི་དང་དུ་བླངས་ནས། ཤུགས་ཆེན་པོས་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་གོམས་སྲོལ་དར་སྤེལ་བྱས་པ་དང་། རང་རྟོགས་སྒོས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམིགས་ནས། བཟོ་སྐྲུན་གལ་ཆེན་གྱི་རོགས་སྐྲུན་བྱ་བ་དང་། མྱུར་སྐྱོབ་རྒུད་སྐྱོབ་དང་གནོད་སེལ་བྱ་བ། བརྟན་འཇགས་སྲུང་སྐྱོབ་བྱ་བ། དཀའ་ཁག་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་བྱ་བ་སོགས་ཀྱི་ཁྲོད་དུ་ནུས་པ་གལ་ཆེན་བཏོན། ལོ་གསར་བའི་ནང་དུ། ང་ཚོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལྟར། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཤུགས་ཆེན་པོས་ཁུལ་གསུམ་གསར་སྐྲུན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་ནས། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྔར་ལས་ཇེ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་སོ་སོས་ནན་ཏན་སྒོས་དམག་དམངས་འཆམ་མཐུན་ངང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཕྱོགས་ལག་བསྟར་དངོས་འབེབས་བྱས་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་སྔར་བཞིན་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་བྱ་བར་བྱས་རྗེས་འཇོག་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་དམག་དཔུང་སོ་སོར་འཚམས་འདྲིའི་མ་དངུལ་བྱིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག