མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་གཞི་རིམ་དུ་སོང་ནས་དཀའ་ངལ་མང་ཚོགས་ལ་འཚམ་འདྲི་བྱས་ཏེ་ཏང་གི་ཐུགས་ཁུར་དང་དྲོལ་འཁོལ་བསྐྱལ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-01-28 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་མ་སླེབས་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དག་སྐོར་བགོས་ནས་ས་ཁུལ་སོ་སོར་སོང་སྟེ་གཞི་རིམ་དཀའ་ངལ་མང་ཚོགས་ལ་འཚམ་འདྲི་བྱས་པ་དང་། ཏང་གི་ཐུགས་ཁུར་དང་དྲོལ་བསྐྱལ་བ་མ་ཟད། ཚང་མར་ལོ་སར་གྱི་སྨོན་འདུན་ཞུས་ནས་བྱམས་བརྩེའི་འཚམ་འདྲི་གནང་།

སྟོང་སྐོར་རྫོང་གི་པོ་ཧང་ཤང་མ་ཎི་སྟེགས་བུ་སྡེ་བའི་ལོ་ན92སོན་པའི་ཅ་པའོ་རོས་ནི་བུ་ཚེ་ལས་འདས་པ་དང་མནའ་མ་དབང་བོ་སྐྱོན་ཅན་ཡིན་པས་འཚོ་བར་དཀའ་ངལ་བྱུང་ཡོད་ལ། སྲིད་གཞུང་དང་སྡེ་དམངས་ཀྱིས་ཐུགས་ཁུར་འོག ན་ནིང་ཁོ་ཚང་གི་སྡོད་ཁང་གསར་འཛུགས་བྱས་ཡོད། ཟླ1པོའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་ཁོ་ཚང་དུ་སོང་ནས་བགྲེས་པོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ན་ནིང་གི་ཡོང་སྒོ་བསྡོམས་པས་སྒོར6000ལྷག་ཡོད་པ་ཤེས་རྗེས། ལའོ་ཧུའེ་ཉིན་གྱིས་ཤང་དང་སྡེ་བའི་འགན་འཁུར་བློ་མཐུན་ལ་ལྷག་པར་དུ་དཀའ་ངལ་མང་ཚོགས་ལ་ཐུགས་ཁུར་གནང་དགོས་པ་དང་རྒྱུན་དུ་འཚམ་འདྲི་བྱེད་དགོས་པའི་མངག་བཅོལ་གནང་།

ན་ལུང་སྡེ་བའི་དབྱང་ཝེ་ཞིན་ཚང་གི་མནའ་མ་ནི་འོན་པ་ཡིན་ལ། ཁོ་ཚང་གི་མ་མཐའི་འཚོ་བའི་འགན་སྲུང་དང་སྨན་བཅོས་འགན་སྭང་། དབང་བོ་སྐྱོན་ཅན་མི་སྣའི་འགན་སྲུང་། གནས་སྐབས་འཚོ་བའི་རོགས་སྐྱོར་སོགས་རོགས་སྐྱོབ་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད་ལ། ཡས་མེས་མི་རབས་གསུམ་གྱི་འཚོ་བར་དཀའ་ངལ་གང་ཡང་མེད། གནས་ཚུལ་འདི་དག་མཐོང་རྗེས། ལའོ་ཧུའེ་ཉིན་གྱིས་དགའ་སྤྲོས་ངང་རྫོང་དང་ཤང་གི་ལས་བྱེད་མི་སྣར་བཤད་རྒྱུར། ངེས་པར་དུ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་གང་ལེགས་བྱས་ཏེ། དཀའ་ངལ་ཁྱིམ་ཚང་སོ་སོའི་འཚོ་བར་འགན་སྲུང་བྱེད་དགོས་ཟེར། ལའོ་ཧུའེ་ཉིན་གྱིས་དབྱང་ཝེ་ཞིན་ཚང་གི་བྱིས་པ་གཉིས་བདེ་ཐང་ངང་འཚར་ལོངས་བྱུང་ཡོད་པ་མཐོང་རྗེས། བྱིས་པ་གཉིས་ལ་སློབ་སྦྱོང་གི་ཡོ་བྱད་བྱིན་ལ་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ལོ་ལོན་ལ་བརྩི་བཀུར་བྱས་ཏེ་སྤྱི་ཚོགས་ཀྱི་འཇོན་མི་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས་པའི་སྐུལ་ལྕག་བཏང་།

ཟླ1པོའི་ཚེས15ཉིན། ཧྲིན་ཀྲང་ཧའོ་ཕིན་ཧོང་ཀྲུང་རྫོང་ཀླུ་གསར་གྲོང་རྡལ་ཀན་ཧི་ཡན་སྡེ་བར་སོང་ནས་གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་ལ་འཚམ་འདྲི་བྱས་ཏེ། ཁོ་ཚོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་ལོ་སར་གྱི་སྨོན་འདུན་བསྐྱལ། དབུལ་ཕོངས་ཁྱིམ་ཚང་མ་ཞང་གི་ཁྱིམ་ནས་ཧའོ་ཕིན་གྱིས་ལོ70ལ་སླེབས་པའི་རྒན་པོའི་ལག་པར་འཇུས་ནས་ཁ་བརྡ་བྱས་ཤིང་། ས་གནས་ཏང་ཨུ་སྲིད་གཞུང་ལ་དཀའ་ངལ་ཁྱིམ་ཚང་ལ་ཐུགས་ཁུར་དང་རོགས་སྐྱོར་བྱེད་དགོས་པའི་མངག་བཅོལ་གནང་། སྡེ་བའི་ལས་བྱེད་མི་སྣ་ཝང་ཡུས་ཚང་གི་ཁྱིམ་ནས་ཧའོ་ཕིན་གྱིས་བཤད་རྒྱུར། ཁྱེད་ཚོས་སྡེ་བ་འཕེལ་རྒྱས་འཛུགས་སྐྲུན་ཐད་ལ་དཀའ་སྤྱད་འབད་བརྩོན་བྱས་ཏེ། མང་ཚོགས་ཁྲོད་བརྩི་བཀུར་ཐོབ་ཡོད་པ་དང་། ཡིན་ཡང་ད་རུང་མུ་མཐུད་དུ་ཏང་ཡོན་གྱི་སྔོན་བསྐྱོད་དཔེ་སྟོན་བྱེད་ནུས་འདོན་སྤེལ་བྱས་ནས་སྡེ་བ་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་མང་བའི་བྱས་རྗེས་འཇོག་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅིན་ལོ་སར་སྔོན་ལ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་རྫོང་དུ་སོང་། ཁོས་དཀའ་ངལ་མང་ཚོགས་ཁྱིམ་ཚང་དུ་སོང་ནས་བྱམས་བརྩེའི་འཚམ་འདྲི་གནང་བ་དང་། སྤྱི་ཚོགས་ཕན་བདེའི་ཁང་གི་བགྲེས་སོང་དག་དང་མཉམ་དུ་ཁ་བརྡ་བྱས་ནས་འཚོ་བའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་མ་ཟད། ཚང་མར་ལོ་སར་གྱི་སྨོན་འདུས་ཞུས།

བསྟུད་མར་ཉིན་འགའི་རིང་ལ། ལའོ་ཡུས་ལིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་གྲོང་རྡལ་དུ་སོང་བ་དང་། ཅི་ཏེ་མ་ཅ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་རྐྱང་ཤེས་ཤང་དང་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། ཁུལ་ཕན་བདེ་གླིང་དུ་སོང་ལ། རྡོ་རྗེ་རབ་བརྟན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དང་རྐང་ཚ་རྫོང་ཧོང་ཡུས་ཞིང་ར། མཚོ་སྔོན་པོ་ཞིང་རའི་ཡན་ལག་བཟོ་གྲྭ་བཞི་བར་སོང་། ཝང་ཞའོ་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཅི་ཧྲི་གྲོང་རྡལ་ཏུང་ཅེ་སྡེ་བ་དང་། སུའུ་ཉིན་མཚོ་སྔོན་ཁང་ཐའེ་ཀུང་ཟི་དང་། མའོ་ཞའོ་པིན་ཟི་ལིང་གྲོང་ཁྱེར་བྱིས་པ་ཕན་བདེ་ཁང་དང་སྤྱི་ཚོགས་ཕན་བདེ་ཁང་དུ་སོང་ནས། ཞིང་ཆེན་ཏང་ཨུའི་རྒྱུན་གཞི་རིམ་གྱི་མང་ཚོགས་ཁྲོད་བསྐྱོད་དེ་བྱམས་བརྩེའི་འཚམ་འདྲི་བྱས་པ་མ་ཟད་ཚང་མར་ལོ་སར་གྱི་སྨོན་འདུན་བསྐྱལ།

དཀའ་ངལ་མང་ཚོགས་རྣམས་ཀྱིས་ཞིང་ཆེན་ཏང་ཨུ་སྲིད་གཞུང་གི་ཐུགས་ཁུར་གནང་བར་བཀའ་དྲིན་ཞུས་པ་དང་ཚང་མས་བསྟན་དོན། ལོ་གསར་བའི་ནང་ཤུགས་ཆེན་པོས“ཁུལ་གསུམ”འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་གཞིགས་ཏེ། ངེས་པར་དུ་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གི་རོགས་སྐྱོར་འོག ཧུར་བརྩོན་གྱིས་བྱ་བ་སྒྲུབ་པ་དང་ཐོན་སྐྱེད་ལ་འབད་བརྩོན་བྱས་ཏེ་ཐུན་མོང་གིས་བདེ་སྐྱིད་འཚོ་བ་བསྐྲུན་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག